- gu shri kun dga' nyi ma
- ID:
- T226413
- གུ་ཤྲི་ཀུན་དགའ་ཉི་མ (Tibetan, Tibetan script, Original)
- > gu shri kun dga' nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu shri kün ga nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་བདག་ཆེན་དང་པོ་ཡིན་ཅིང༌། ཡབ་བདག་ཆེན་བཟང་པོ་དཔལ་དང་ཡུམ་ཞ་ལུ་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་མ་གཅིག་གཞོན་ནུ་འབུམ་གྱི་སྲས་སུ་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོར་འཁྲུངས། སྐུ་ན་གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་གཉིས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན་ཞིང༌། འགྲོ་མགོན་འཕགས་པའི་བཞུགས་ཁྲིའི་སྟེང་ནས་ཆོས་ཡང་ཡང་གསུངས་པས་མཚན་སྙན་ཆེ། ཡོན་རྒྱལ་རབས་ཀྱི་གོང་མ་ཤུས་རྡི་པ་ལའམ(硕德八刺)བོད་སྐད་དུ་ཀེ་ཀེན་ཧན་གྱིས་པེ་ཅིན་ཕོ་བྲང་དུ་གདན་དྲངས་ཏེ་ཏཱ་ཡོན་གུ་ཤྲི (大元国师)ཞེས་པའི་མཚན་གནས་དང༌། ཤེལ་ཐམ་ཆེ་བ། ཐོ་ཤུ་དང་བཅས་པ་གནང་ཡང༌། སྐུ་ཚེ་མ་བརྟན་པར་དགུང་ལོ་བཅུ་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི(༡༣༢༢)ལོར་པེ་ཅིན་ཕོ་བྲང་དུ་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་འདི་ཙམ་ལས་མི་སྣང་བས་འདིར་ཆ་ཚང་བཀོད་པ་ལགས།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱའི་རིན་ཆེན་སྒང་དབང་བའི་ལམ་ལུགས་བྲང་གི་བདག་ཆེན་དང་པོ་ཡིན་ཅིང་། ཡབ་བདག་ཆེན་བཟང་པོ་དཔལ་དང་ཡུམ་ཞ་ལུ་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་མ་གཅིག་གཞོན་ནུ་འབུམ་གྱི་སྲས་སུ་རབ་བྱུང་ལྔ་པའི་ས་བྱ (༡༣༠༩) ལོར་འཁྲུངས། སྐུ་ན་གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་གཉིས་ཀྱིས་རྒྱུན་རྒྱ་ཆེར་གསན་ཞིང་། འགྲོ་མགོན་འཕགས་པའི་བཞུགས་ཁྲིའི་སྟེང་ནས་ཆོས་ཡང་ཡང་གསུངས་པས་མཚན་སྙན་ཆེ། ཡོན་རྒྱལ་རབས་ཀྱི་གོང་མ་ཤུས་རྡི་པ་ལའམ་བོད་སྐད་དུ་ཀེ་ཀེན་ཧན་གྱིས་པེ་ཅིན་ཕོ་བྲང་དུ་གདན་དྲངས་ཏེ་ཏཱ་ཡོན་གུ་ཤྲི་ཞེས་པའི་མཚན་གནས་དང་། ཤེལ་ཐམ་ཆེ་བ། ཐོ་ཤུ་དང་བཅས་པ་གནང་ཡང་། སྐུ་ཚེ་མ་བརྟན་པར་དགུང་ལོ་བཅུ་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི (༡༣༢༢) ལོར་པེ་ཅིན་ཕོ་བྲང་དུ་སྐུ་གཤེགས།
- language:
- Tibetan