- gu shri kun dga' legs pa'i blo gros
- ID:
- T226414
- གུ་ཤྲི་ཀུན་དགའ་ལེགས་པའི་བློ་གྲོས (Tibetan, Tibetan script, Original)
- > gu shri kun dga' legs pa'i blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu shri kün ga lekpé lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་དུས་མཆོད་བླ་བྲང་གི་བདག་ཆེན་ཡིན། ཡབ་པའི་ལེན་ཝང་གྲགས་པ་རྒྱལ་མཚན་དང་ཡུམ་བྱང་པ་བདག་པོའི་དཔོན་ནམ་མཁའ་ཚེ་བརྟན་གྱི་སྲིང་མོ་མ་གཅིག་ལྷ་རིན་གྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ(༡༣༥༧)ལོར་འཁྲུངས། འདིར<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལས། (ཡབ་ཀྱི་དགུང་ལོ་ཉེར་གཉིས་པ་ས་བྱ་ཞེས་གསལ་བ་ཡིག་ནོར་ཏེ་ཡབ་ཀྱི་འཁྲུངས་ལོ་མེ་བྱི་ཡིན་པ་ནས་རྩིས་པའི་ཉེར་གཉིས་པ་མེ་བྱ་ལས་ས་བྱ་མི་འོངས་ལགས)དགུང་ལོ་ཆུང་ངུའི་དུས་ནས་བདག་ཆེན་ཀུན་དགའ་རིན་ཆེན་དང༌། ས་བཟང་མ་ཏི་པཎ་ཆེན་གཉིས་ལས་རབ་ཏུ་བྱུང༌། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང༌། བླ་ཆེན་བསོད་ནམས་བློ་གྲོས། བླ་མ་མཉམ་མེད་པ་བཅས་བསྟེན་ནས་ཡབ་མེས་ཀྱི་ཆོས་རྒྱུན་དང་མདོ་སྔགས་སྤྱིའི་ཆོས་བཀའ་རྒྱ་ཆེན་གསན་བཞེས་མཛད་ཅིང༌། སློབ་མ་ཚོགས་ཆེན་པོར་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རིན་ཆེན་སྒང་བླ་བྲང་གི་གདན་སར་བསྐོ་གཞག་མཛད། ཡོན་རྒྱལ་རབས་ཀྱི་གོང་མ་ཐོ་ཀེན་ཐེའི་མུར་གྱིས་ཏཱ་ཡོན་གུ་ཤྲིའི་གོ་གནས་དང༌། ཤེལ་དམ་ཆེན་མོ། ཐོ་ཤུ་དང་བཅས་པ་གནང༌། དགུང་ལོ་ཉེར་བརྒྱད་པ་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་རྟ་ནག་རི་ཁུད་དུ་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་འདི་ཙམ་ལས་མི་སྣང་བས་འདིར་ཆ་ཚང་བར་བཀོད་པ་ལགས།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱའི་དུས་མཆོད་བླ་བྲང་གི་བདག་ཆེན་ཡིན། ཡབ་པའི་ལེན་ཝང་གྲགས་པ་རྒྱལ་མཚན་དང་ཡུམ་བྱང་པ་བདག་པོའི་དཔོན་ནམ་མཁའ་ཚེ་བརྟན་གྱི་སྲིང་མོ་མ་གཅིག་ལྷ་རིན་གྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ (༡༣༥༧) ལོར་འཁྲུངས། དགུང་ལོ་ཉེར་བརྒྱད་པ་རབ་བྱུང་དྲུག་པའི་ཤིང་བྱི (༡༣༨༤) ལོར་རྟ་ནག་རི་ཁུད་དུ་སྐུ་གཤེགས།
- language:
- Tibetan