- gu shri chos kyi rgyal mtshan
- ID:
- T226416
- གུ་ཤྲི་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
- > gu shri chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu shri chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀ་ཐོག་སི་ཏུའི་སྐུ་ཕྲེང་དང་པོ་དང༌། མཚན་དངོས་རིན་ཆེན་འབྱུང་གནས་ཟེར། ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མའི་གཙོ་བོའི་གྲས་ཡིན། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས(永乐)བཀྭན་ཏིང་ཡོན་ཐུང་མེའུ་ཙི་གོ་ཤྲི(灌顶圆通妙智国师)ཞེས་པའི་གོ་གནས་གནང༌། ཀརྨ་པ་དེ་བཞིན་གཤེགས་པ་ནན་ཅིན་དུ་ཕེབས་ཤུལ་དུ་གདན་ས་མཚུར་ཕུར་གསེར་དངུལ་སྤེལ་མའི་བཀའ་འགྱུར་བསྟན་འགྱུར་དང༌། གསེར་བྲིས་ཀྱི་བཀའ་འགྱུར་བཞེངས། སྐུ་ཚེའི་སྨད་དུ་ཀུན་སྤངས་མཛད་པས་ཀུན་སྤངས་རིན་པོ་ཆེ་ཞེས་ཞུ། ལོ་རྒྱུས་ཞིབ་པ<<ཀརྨ་ཀམ་ཚང་ཆོས་འབྱུང>>ཤིང་དཔར་གྱི་ཤོག་གྲངས༢༤9ནས༢༤༡བར་གསལ།
- language:
- Tibetan