- gu shri don grub 'od zer
- ID:
- T226417
- གུ་ཤྲི་དོན་གྲུབ་འོད་ཟེར (Tibetan, Tibetan script, Original)
- > gu shri don grub 'od zer (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu shri döndrub özer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་གཙོ་བོའི་གྲས་དང༌། མཚན་གཞན་འཇམ་དབྱངས་དོན་གྲུབ་འོད་ཟེར་དུ་འབོད། མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་ཀརྨ་པ་དེ་བཞིན་གཤེགས་པ་ལས་གསན་ཞིང་ཉམས་རྟོགས་ཀྱི་རྩལ་རྫོགས། གཟིགས་རྒྱ་དང་མཁྱེན་རྒྱ་དུས་སྐབས་དེར་འགྲན་ཟླ་མེད། མཚུར་ཕུའི་གདན་ས་ལོ་ཞེ་གསུམ་རིང་མཛད། ནང་བསྟན་ཆོས་ལུགས་ཀྱི་གནད་ལ་གཞན་དང་མི་འདྲ་བའི་དགོངས་ཚུལ་དང་འཆད་ཚུལ་དམིགས་བསལ་ཅན་ཡོད་པས་སློབ་མ་མཁས་གྲགས་ཅན་མང་དུ་བྱུང༌། ཏཱ་མིང་གི་གོང་མ་ཡུང་ལོས་བཀྭན་ཏིང་གུ་ཤྲིའི་གོ་གནས་དང་གསེར་ཐམ་གནང༌། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི<<རྩིས་ཀྱི་བསྟན་བཅོས་ཀུན་བཏུས>>ཀྱི་རྗེས་སུ་འབྲངས་ནས་རབ་བྱུང་བརྒྱད་པའི་མེ་ཡོས(༡༤༤༧)ལོར<<རྩིས་གཞུང་ཆེན་པོ>>བརྩམས་ནས་མཚུར་ཕུའི་ལོ་ཐོ་ཞེས་པ་འདོན་གནང་མཛད། འཁྲུངས་འདས་ཀྱི་ལོ་དང༌། ལོ་རྒྱུས་ཞིབ་གསལ་གྱི་དཔྱད་གཞི་ད་ཕན་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
ཡོངས་གྲགས་ཀྱི་མཚན་ལ་མཚུར་ཕུ་འཇམ་དབྱངས་ཆེན་མོ་ཟེར། ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་གཙོ་བོའི་གྲས་དང་། མཚན་གཞན་འཇམ་དབྱངས་དོན་གྲུབ་འོད་ཟེར་དུ་འབོད། མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་ཀརྨ་པ་དེ་བཞིན་གཤེགས་པ་ལས་གསན་ཞིང་ཉམས་རྟོགས་ཀྱི་རྩལ་རྫོགས། གཟིགས་རྒྱ་དང་མཁྱེན་རྒྱ་དུས་སྐབས་དེར་འགྲན་ཟླ་མེད། མཚུར་ཕུའི་གདན་ས་ལོ་ཞེ་གསུམ་རིང་མཛད། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའིརྩིས་ཀྱི་བསྟན་བཅོས་ཀུན་བཏུས》ཀྱི་རྗེས་སུ་འབྲངས་ནས་རབ་བྱུང་བརྒྱད་པའི་མེ་ཡོས (༡༤༤༧) ལོརརྩིས་གཞུང་ཆེན་པོ》བརྩམས་ནས་མཚུར་ཕུའི་ལོ་ཐོ་ཞེས་པ་འདོན་གནང་མཛད།
- language:
- Tibetan