- gu shri nam mkha' legs pa'i rgyal mtshan
- ID:
- T226418
- གུ་ཤྲི་ནམ་མཁའ་ལེགས་པའི་རྒྱལ་མཚན (Tibetan, Tibetan script, Original)
- > gu shri nam mkha' legs pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu shri namkha lekpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་གཞི་ཐོག་བླ་བྲང་གི་བདག་ཆེན་དང་པོ་ཡིན། བདག་ཆེན་བཟང་པོ་དཔལ་དང༌། ཡུམ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྦྲུལ(༡༣༠༥)ལོར་འཁྲུངས། སྐུ་གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་རྒྱུན་ཐམས་ཅད་གསན་བཞེས་དང༌། གསུང་རྩོམ<<ཕྱག་རྡོར་འཁོར་ལོ་ཆེན་པོའི་མངོན་རྟོགས>>སོགས་མཛད། ཡོན་རྒྱལ་རབས་ཀྱི་གོང་མ་ཝེན་ཙུང་ཐུག་ཐེའི་མུར(文宗图帖睦尔)གྱིས་བཀྭན་ཏིང་གོ་ཤྲིའི་གོ་གནས་དང་ཤེལ་ཐམ་ཆེ་བ་གནང༌། གཞི་ཐོག་བླ་བྲང་གི་གདན་སར་ལོ་ངོ་བཅུ་དགུ་བར་བསྐྱངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག(༡༣༤༣)ལོར་གཞི་ཐོག་བླ་བྲང་རང་དུ་སྐུ་གཤེགས། ལོ་རྒྱུས་ཅུང་ཟད་ཙམ<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལྕགས་དཔར་མའི་ཤོག་གྲངས༢༥༤ནས་གྲངས༢༥༥བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱའི་གཞི་ཐོག་བླ་བྲང་གི་བདག་ཆེན་དང་པོ་ཡིན། ཡབ་བདག་ཆེན་བཟང་པོ་དཔལ་དང་། ཡུམ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྦྲུལ (༡༣༠༥) ལོར་འཁྲུངས། སྐུ་གཞོན་ནུའི་དུས་ནས་ཡབ་མེས་ཀྱི་ཆོས་རྒྱུན་ཐམས་ཅད་གསན་བཞེས་དང་། གསུང་རྩོམཕྱག་རྡོར་འཁོར་ལོ་ཆེན་པོའི་མངོན་རྟོགས》སོགས་མཛད། ཡོན་རྒྱལ་རབས་ཀྱི་གོང་མ་ཡེན་ཙུང་ཐུག་ཐེའི་མུར་གྱིས་བཀྭན་ཏིང་གོ་ཤྲིའི་གོ་གནས་དང་ཤེལ་ཐམ་ཆེ་བ་གནང་། གཞི་ཐོག་བླ་བྲང་གི་གདན་སར་ལོ་ངོ་བཅུ་དགུ་བར་བསྐྱངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག (༡༣༦༣) ལོར་གཞི་ཐོག་བླ་བྲང་རང་དུ་སྐུ་གཤེགས།
- language:
- Tibetan