Skip to main content Skip to search
gu shri blo bzang tshe 'phel
ID:
T226421
  • གུ་ཤྲི་བློ་བཟང་ཚེ་འཕེལ (Tibetan, Tibetan script, Original)
    • > gu shri blo bzang tshe 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gu shri lo zang tsé pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སོག་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(༡༧༦༠)ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་པ་ལྕགས་བྱི(༡༧༨༠)ལོར་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་དང་གུང་ཐང་རིན་པོ་ཆེ་བསྟན་པའི་སྒྲོན་མེ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན་ཅིང༌། ཞོར་ལ་གཞུང་ཆེན་པོ་ལྔ་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད་དེ་དཀའ་བཅུའི་མཚན་གནས་བཞེས། སོག་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེས་གུ་ཤྲིའི་གོ་གནས་གནང༌། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ས་ཡོས(༡༨༡༩)ལོར<<ཆེན་པོ་ཧོར་གྱི་ཆོས་འབྱུང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ>>བརྩམས། གཞན་ཡང<<རྒྱལ་བའི་གསུང་རབ་རིན་པོ་ཆེ་དང་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཤན་སྦྱར་ཏེ་བཤད་པ་བདེ་གཤེགས་གཞུང་ལམ>>པོད་ཆེན་གཅིག <<ལམ་རིམ་མཐའ་དཔྱོད་ཐར་ལམ་གསལ་བར་བྱེད་པའི་སྒྲོན་མེ>>སོགས་གསུང་རྩོམ་ཕྱོགས་བསྒྲིགས་པོད་ཆེན་དགུ་ཡོད། སྐུ་གཤེགས་པའི་ལོ་དང་རྣམ་ཐར་མ་རྙེད་ལགས།

language:
Tibetan

2. Thupten Phuntsok Dictionary

སོག་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག (༡༧༦༠) ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་པ་ལྕགས་བྱི (༡༧༨༠) ལོར་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་དང་གུང་ཐང་རིན་པོ་ཆེ་བསྟན་པའི་སྒྲོན་མེ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན་ཅིང་། ཞར་ལ་གཞུང་ཆེན་པོ་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་དེ་དཀའ་བཅུའི་མཚན་གནས་བཞེས། སོག་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།

language:
Tibetan