- gung bka' blon
- ID:
- T226426
- གུང་བཀའ་བློན (Tibetan, Tibetan script, Original)
- > gung bka' blon (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung kalön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གུང་དང་བཀའ་བློན་གཉིས་བསྡོམས་པའི་བསྡུས་མིང༌། སྔར་མིང་རྒྱལ་རབས་ཀྱི་སྐབས་སུ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་དང༌། ཕག་གྲུ་སྡེ་སྲིད་ཤཱཀྱ་རྒྱལ་མཚན་གཉིས་ལ་མིང་རྒྱལ་རབས་ཀྱི་གོང་མ་དང་པོ་ཏཱ་མིང་ཧུང་ཝུས(洪武)ཀྱིས་སྤྱི་ལོ༡༣༧༢ལོར་ཆིང་གུའི་གུང(勤国公)གི་གོ་གནས་ཕུལ་བ་དང༌། དེའི་རྗེས་ཙམ་དུ་བྱང་པ་བདག་པོ་ཆོས་གྲགས་དཔལ་བཟང་ལ་ཆིང་གུའི་གུང་གི་གོ་གནས་ཕུལ་ཡོད་ཅིང༌། ཆིང་རྒྱལ་རབས་དཔོན་རིགས་སྐྱ་བོའི་གྲས་ལ་གོ་གནས་མཐོ་ཤོས་ནི་ཝང་དང༌། དེ་འོག་རིམ་པ་གཉིས་པ་ནི་གུང༌། གུང་འོག་ཏུ་བཀའ་བློན་ཡིན།
- language:
- Tibetan
2. Thupten Phuntsok Dictionary
གུང་དང་བཀའ་བློན་གཉིས་བསྡོམས་པའི་བསྡུས་མིང་། སྔར་མིང་རྒྱལ་རབས་ཀྱི་སྐབས་སུ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་དང་། ཕག་གྲུ་སྡེ་སྲིད་ཤཱཀྱ་རྒྱལ་མཚན་གཉིས་ལ་མིང་རྒྱལ་རབས་ཀྱི་གོང་མ་དང་པོ་ཏཱ་མིང་ཧུང་ཝུས་ཀྱིས་སྤྱི་ལོ་༡༣༧༢ལོར་ཆིང་གུའི་གུང་གི་གོ་གནས་ཕུལ་བ་དང་། དེའི་རྗེས་ཙམ་དུ་བྱང་པ་བདག་པོ་ཆོས་གྲགས་དཔལ་བཟང་ལ་ཆིང་གུའི་གུང་གི་གོ་གནས་ཕུལ་ཡོད་ཅིང་། ཆིང་རྒྱལ་རབས་དཔོན་རིགས་སྐྱ་བོའི་གྲས་ལ་གོ་གནས་མཐོ་ཤོས་ནི་ཝང་དང་། དེ་འོག་རིམ་པ་གཉིས་པ་ནི་གུང་། གུང་འོག་ཏུ་བཀའ་བློན་ཡིན།
- language:
- Tibetan