- gung thang mkhan po bskal bzang yon tan
- ID:
- T226432
- གུང་ཐང་མཁན་པོ་བསྐལ་བཟང་ཡོན་ཏན (Tibetan, Tibetan script, Original)
- > gung thang mkhan po bskal bzang yon tan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung tang khenpo kalzang yönten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་སྒྲ་དང་སྙན་ངག་སྐར་རྩིས་སོགས་གསན་བཞེས་གནང་སྐབས་ཡོངས་འཛིན་གྱི་ཁུར་བཞེས་ཤིང༌། རྗེས་སུ་ཞ་ལུ་དགོན་པའི་མཁན་འཛིན་དང༌། སྐུ་སྒེར་གྱི་མཆོད་དཔོན་མཁན་པོ་བཅས་ཡུན་རིང་གནང་ཞིང༌། དགུང་ལོ་མཐོན་པོར་ཕེབས་སྐབས་མཆོད་དཔོན་གྱི་འགན་ཁུར་དགོངས་ཞུ་གནང་བའི་གཟིགས་གསོས་སུ་གུང་ཐང་བླ་བྲང་གི་བདག་གཉེར་གོ་གནས་གནང་བར་བརྟེན་ཚལ་གུང་ཐང་དགོན་པ་ལྷོ་བྱང་གཉིས་ཀར་ཉམས་གསོ་གསར་བཞེངས་དང་ཁྱད་མེད་པ་གནང་ཐོག དགོན་པའི་སྒྲིགས་ལམ་དང༌། ཆོ་ག་ཕྱག་བཞེས། མཆོད་རྒྱུན་གཏོང་སྒོ་བཅས་ཕྱོགས་གང་ཅིའི་ཐད་ལ་བདག་གཉེར་དོ་དམ་ནན་ཏན་མཛད་པ་བཅས་ཀྱི་ལོ་རྒྱུས<<གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང>>ཞེས་སེར་སྨད་འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པ་ཤིང་དཔར་ལ་ཤོག་གྲངས༧༦ཡོད་པ་རྗེ་དེ་ཉིད་ཀྱི་གསུང་འབུམ་པོད[ཁ]པའི་ནང་དུ་བཞུགས་པ་དེར་གསལ།
- language:
- Tibetan
2. Thupten Phuntsok Dictionary
ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལས་སྒྲ་དང་སྙན་ངག་སྐར་རྩིས་སོགས་གསན་བཞེས་གནང་སྐབས་ཡོངས་འཛིན་གྱི་ཁུར་བཞེས་ཤིང་། རྗེས་སུ་ཞ་ལུ་དགོན་པའི་མཁན་འཛིན་དང་། སྐུ་སྒེར་གྱི་མཆོད་དཔོན་མཁན་པོ་བཅས་ཡུན་རིང་གནང་ཞིང་། དགུང་ལོ་མཐོན་པོར་ཕེབས་སྐབས་མཆོད་དཔོན་གྱི་འགན་ཁུར་དགོངས་ཞུ་གནང་བའི་གཟིགས་བཟོས་སུ་གུང་ཐང་དགོན་པ་ལྷོ་བྱང་གཉིས་ཀར་ཉམས་གསོ་གསར་བཞེངས་དང་ཁྱད་མེད་པ་གནང་ཐོག དགོན་པའི་སྒྲིགས་ལམ་དང་། ཆོ་ག་ཕྱག་བཞེས། མཆོད་རྒྱུན་གཏོང་སྒོ་བཅས་ཕྱོགས་གང་ཅིའི་ཐད་ལ་བདག་གཉེར་དོ་དམ་ནན་ཏན་མཛད།
- language:
- Tibetan