- gung thang sgo bzhi
- ID:
- T226434
- གུང་ཐང་སྒོ་བཞི (Tibetan, Tibetan script, Original)
- > gung thang sgo bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung tang go shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་སིལ་བུའི་དུས་སྐབས་སུ་མངའ་རིས་མང་ཡུལ་གུང་ཐང་ཁུལ་དུ་སྒེར་བཙན་དབང་སྒྱུར་བྱས་པའི་དཔོན་རིགས་ཕྱི་ཚུལ་དུ་རབ་བྱུང་གི་ཆས་བཟུང་བའི་མཁན་པོ་སྡེ་བཞི་ལ་གུང་ཐང་སྒོ་བཞི་ཟེར་བ་སྟེ། ༡ལོ་པཎ་གྱིས་ཆེ་བ་ཡང་ཐོག ༢་མཐུ་ཡིས་ཆེ་བ་གོ་ཚོ(དེ་གཉིས་མངའ་རིས་རྫོང་དཀར་གྱི་ཉེ་འདབས་འཛངས་གཞུང་ན་ཡོད)༣་འབངས་ཀྱིས་ཆེ་བ་རོ་ཀམ་གཤོང༌། ༤ཟམ་འཕྲང་གིས་ཆེ་བ་གསར་ཚོ(དེ་ནུབ་ར་ལ་ཡོད)པ་བཅས་ས་སྐྱའི་མངའ་འོག་ཏུ་མ་འདུས་པར་ཡོད་སྐབས་མངའ་བདག་འབུམ་སྡེ་མགོན་གྱིས་སྲིད་དབང་བཟུང་སྐབས་མངའ་འོག་ཏུ་བསྡུས་ནས། སྡེ་ཚན་བརྒྱ་ཚོ་བཅུ་གསུམ་དུ་གཏན་ལ་ཕབ་ཡོད་པ་སྟེ། ༡་གུང་ཐང༌། ༢་སྐྱིད་གྲོང༌། ༣་ནུབ་ར། ༤མ་ཞང་རྒྱ་ཚང་པ། ༥་གློ་སྟོད། ༦གློ་སྨད། ༧དོལ་གྲུ། ༨་བཟང་རྒྱུད་པ། ༩་གཉམས། ༡༠་དང་འུ། ༡༡་ཕུ་རི་མཚོ་འཁོར། ༡༢གཙང་པོ་ཟངས་ཚ༡༣ཕ་གཞི་ཆགས་ཀྱི་བརྒྱ་སྐོར(ས་སྐྱའི་ལྕམ་ཉི་མ་འབུམ་གྱི་སྐལ་རྫོངས་ལ་གནང)བཅས་ཡིན། བརྒྱ་ཚོ་འདི་དག་དོན་དངོས་སུ་བཅུ་ཚོ་ཡིན་ཀྱང་བརྒྱ་ཚོར་བརྩིས་ནས་གཏན་འབེབས་བྱས་པ་ཡིན་ཞེས་ཀ་ཐོག་རིག་འཛིན་ཆེན་པོས་མཛད་པའི<<མངའ་རིས་གུང་ཐང་གི་རྒྱལ་རབས>>སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་སིལ་བུའི་དུས་སྐབས་སུ་མངའ་རིས་མང་ཡུལ་གུང་ཐང་ཁུལ་དུ་སྒེར་བཙན་དབང་སྒྱུར་བྱས་པའི་དཔོན་རིགས་ཕྱི་ཚུལ་སུ་རབ་བྱུང་གི་ཆས་བཟུང་བའི་མཁན་པོ་སྡེ་བཞི་ལ་གུང་ཐང་སྒོ་བཞི་ཟེར་བ་སྟེ། ༡ ལོ་པཎ་གྱིས་ཆེ་བ་ཡང་ཐོག ༢ མཐུ་ཡིས་ཆེ་བ་གོ་ཚོ (དེ་གཉིས་མངའ་རིས་རྫོང་དཀར་གྱི་ཉེ་འདབས་འཛངས་གཞུང་ན་ཡོད) ༣ འབངས་ཀྱིས་ཆེ་བ་རོ་ཀམ་གཤོང་། ༤ ཟམ་འཕྲང་གིས་ཆེ་བ་གསར་ཚོ (དེ་ནུབ་ར་ལ་ཡོད) པ་བཅས་ས་སྐྱའི་མངའ་འོག་ཏུ་མ་འདུས་པར་ཡོད་སྐབས་མངའ་བདག་འབུམ་སྡེ་མགོན་གྱིས་སྲིད་དབང་བཟུང་སྐབས་མངའ་འོག་ཏུ་བསྡུས་ནས། སྡེ་ཚན་བརྒྱ་ཚོ་བཅུ་གསུམ་དུ་གཏན་ལ་ཕབ་ཡོད་པ་སྟེ། ༡ གུང་ཐང་། ༢ སྐྱིད་གྲོང་། ༣ ནུབ་ར། ༤ མ་ཞང་རྒྱ་ཚང་པ། ༥ གློ་སྟོད། ༦ གློ་སྨད། ༧ དོལ་གྲུ། ༨ བཟང་རྒྱུད་པ། ༩ གཉམས། ༡༠ དང་འུ། ༡༡ ཕུ་རི་མཚོ་འཁོར། ༡༢ གཙང་པོ་ཟགས་ཚ། ༡༣ ཕ་གཞི་ཆགས་ཀྱི་བརྒྱ་སྐོར (ས་སྐྱའི་ལྕམ་ཉི་མ་འབུམ་གྱི་སྐལ་རྫོངས་ལ་གནང) བཅས་ཡིན། བརྒྱ་ཚོ་འདི་དག་དོན་དངོས་སུ་བཅུ་ཚོ་ཡིན་ཀྱང་བརྒྱ་ཚོར་བརྩིས་ནས་གཏན་འབེབས་བྱས་པ་ཡིན་ཞེས་ཀ་ཐོག་རིག་འཛིན་ཆེན་པོས་མཛད།
- language:
- Tibetan