Skip to main content Skip to search
gung thang chos sde chen po
ID:
T226436
  • གུང་ཐང་ཆོས་སྡེ་ཆེན་པོ (Tibetan, Tibetan script, Original)
    • > gung thang chos sde chen po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gung tang chödé chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་འབུམ་ལྡེ་མགོན་གྱིས་རབ་བྱུང་ལྔ་པའི་ལྕགས་རྟ་(༡༢༧༠)ལོར་གསར་བཞེངས་གནང་བའི་གཙུག་ལག་ཁང་ཆེན་པོ་ཞིག་སྟེ། མངའ་རིས་རྫོང་དཀར་རྫོང་གི་ཉེ་འདབས་སུ་ཡོད། གཙུག་ལག་ཁང་ཀ་བ་དྲུག་ཅུ་ཐམ་པ(སྦུག་གི་དྲི་གཙང་ཁང་ལ་ཀ་བ་ཉི་ཤུ་རྩ་བཞི། མདོའི་ཁྱམས་སྐོར་ལ་ཀ་བ་སུམ་ཅུ་སོ་དྲུག)ཡོད་པ་ཀ་གདན་རྣམས་རྡོ་ཆེན་བརྐོས་རིས་མ་དང༌། ཀ་བ་རྣམས་ཀ་ཆེན་ཤ་སྟག ལོགས་ཞལ་རྣམས་ལ་བླ་བརྒྱུད་དང༌། སངས་རྒྱས། བྱང་སེམས། ཡི་དམ། ཆོས་སྲུང་བཅས་ཀྱི་ལྡེབས་བྲིས་ངོ་མཚར་ཤིན་ཏུ་ཆེ་བ་དང༌། གཙུག་ལག་ཁང་གི་བཀོད་པ་ལེགས་ཤིང་རྩིག་པ་སྲ་བརྟན་གྱི་ཚད་ནི་རབ་བྱུང་ལྔ་པའི་ལྕགས་རྟ(༡༢༧༠)ལོར་ཐོག་མར་བཞེངས་པ་ནས་རབ་བྱུང་བཅུ་གསུམ་པའི་མེ་ཡོས(༡༧༤༧)ལོར་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་ལོར<<མངའ་རིས་གུང་ཐང་གི་རྒྱལ་རབས>>བརྩམས་པའི་ལོ་བར་ལོ་བཞི་བརྒྱ་དང་བདུན་ཅུ་དོན་བདུན་སོང་བ་དང་ཕྱིས་སུ་གཙུག་ལག་ཁང་ལ་བདག་གཉེར་ལེགས་པོ་བྱུང་མེད་ཀྱང་ཞིག་རལ་རྡིབ་འཁྱོམ་ཡོ་འཆུག་ཅུང་ཟད་ཀྱང་མ་སོང་བར་གནས་པ་འདི་ནི་ངོ་མཚར་བའི་ཡུལ་དུ་སྣང་ཞེས<<རྒྱལ་རབས>>གོང་གསལ་ནང་འཁོད་འདུག གཙུག་ལག་ཁང་འདིའི་རྟེན་གྱི་གཙོ་བོ་གསེར་ཟངས་ཀྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་རིན་པོ་ཆེའི་ཕྲ་རྒྱན་མང་པོས་ཕྱུག་པ་ཞིག་བཞེངས་པའི་ནང་བལ་ཡུལ་ནས་ཕྱག་ཏུ་སོན་པ་སློབ་དཔོན་དབྱིག་གཉེན་གྱི་དབུ་ཐོད་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་གསེར་བྲིས་ཀྱི་བརྒྱད་སྟོང་པ། སློབ་དཔོན་ཆེན་པོ་པརྨོ་འབྱུང་གནས་ཀྱི་ཐུགས་དམ་རྟེན་རྡོ་རྗེ། ལོ་ཆེན་བེི་རོ་ཙཱ་ནའི་ཕྱག་མཁར། མཁའ་འགྲོ་ཡེ་ཤེས་མཆོ་རྒྱལ་གྱི་སྐུ་རྒྱན་སོགས་རྩ་ཆེའི་རྟེན་མང་དུ་བཞུགས་པར<<མངའ་རིས་གུང་ཐང་གི་རྒྱལ་རབས>>དེར་གསལ།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་འབུམ་ལྡེ་མགོན་གྱིས་རབ་བྱུང་ལྔ་པའི་ལྕགས་རྟ (༡༢༧༠) ལོར་གསར་བཞེངས་གནང་བའི་གཙུག་ལག་ཁང་ཆེན་པོ་ཞིག་སྟེ། མངའ་རིས་རྫོང་གི་ཉེ་འདབས་སུ་ཡོད།

language:
Tibetan