- gung thang blo gros rgya mtsho
- ID:
- T226440
- གུང་ཐང་བློ་གྲོས་རྒྱ་མཚོ (Tibetan, Tibetan script, Original)
- > gung thang blo gros rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung tang lodrö gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་མདོ་སྨད་དུ་རབ་བྱུང་བཞི་པའི་ལྕགས་ཕག(༡༨༥༡)ལོར་འཁྲུངས། སྐུ་ཆུང་དུས་ནས་སྐྱེས་སྦྱངས་ཀྱི་ཤེས་རབ་ཆེས་ཆེར་འཕེལ་བས་མདོ་སྔགས་དང་རིག་གནས་སོགས་ལ་མཁས་པའི་གྲགས་པ་ཕྱོགས་ཡོངས་ལ་ཁྱབ་པ་ཞིག་བྱུང་ཞིང༌། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྱད་དུ་འཕགས་པ་ཞིག་ཡིན། མདོ་སྔགས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་པ་སྟེ། <<ཆོས་འདུལ་བ་རྒྱ་མཚོའི་དགོངས་དོན་གསལ་བར་བྱེད་པའི་ཙིཏྟ་མ་ཎིའི་ཕྲེང་མཛེས་བློ་གསལ་མགུལ་རྒྱན>><<འདུལ་བ་རྒྱ་མཚོའི་དགོངས་དོན་གཞི་སྨད>><<འདུལ་བ་མདོ་རྩ་བའི་མཆན་འགྲེལ་དྲན་པའི་ཆུ་རྒྱུན>><<དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་དགོངས་དོན་གསལ་བར་བྱེད་པའི་ཉིན་བྱེད་སྣང་བ>><<རྟགས་རིགས་ཀྱི་མཐའ་དཔྱོད་དཀའ་གནད>><<བློ་རིག་གི་མཐའ་དཔྱོད་སོགས་ཀྱི་དཀའ་གནད་ཅུང་ཟད་བཤད་པ་རིན་ཆེན་ཕྲེང་བ>><<ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན་གྱི་འགྲེལ་པ་བློ་གསལ་མགྲིན་རྒྱན>>སོགས་པོད་འབྲིང་དགུ་ཙམ་མཛད། སྐུ་གཤེགས་པའི་ལོ་ཟླ་ཁ་གསལ་མ་རྙེད་རུང་དགུང་ལོ་བརྒྱད་ཅུ་ལྷག་ཙམ་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་མདོ་སྨད་དུ་རབ་བྱུང་བཞི་བའི་ལྕགས་ཕག (༡༨༥༡) ལོར་འཁྲུངས། སྐུ་ཆུང་དུས་ནས་སྐྱེས་སྦྱངས་ཀྱི་ཤེས་རབ་ཆེས་ཆེར་འཕེལ་བས་མདོ་སྔགས་དང་རིག་གནས་སོགས་ལ་མཁས་པའི་གྲགས་པ་ཕྱོགས་ཡོངས་ལ་ཁྱབ་པ་ཞིག་བྱུང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྱད་དུ་འཕགས་པ་ཞིག་ཡིན། མདོ་སྔགས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་པ་སྟེ། དགུང་ལོ་བརྒྱད་ཅུ་ལྷགས་ཙམ་བཞུགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ་ 1851 ལོར་མདོ་སྨད་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1930 ལོར་སྐུ་གཤེགས། ཁོང་སྤྲུལ་སྐུ་མིན་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་གྲགས་ཆེན་ཞིག་ཡིན། ཁོང་གིས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱངས་ལེགས་པར་མཛད་དེ་ཕྱིས་དུས་ཀྱི་མཁས་པ་གྲགས་ཅན་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་གཞུང་བཀའ་པོད་ལྔའི་འགྲེལ་བཤད་དང་སྙན་ངག་གི་འགྲེལ་པ། བླ་མའི་རྣལ་འབྱོར་སོགས་བསྟན་བཅོས་མང་པོ་ཡོད་པ་རྣམས་ཀ་ནས་ཐའི་བར་པོད་བཅུ་ཐམ་པ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ།།
- language:
- Tibetan