Skip to main content Skip to search
gung paN+Di ta
ID:
T226442
  • གུང་པཎྜི་ཏ (Tibetan, Tibetan script, Original)
    • > gung paN+Di ta (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gung pendita (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྡོ་རིང་བཀའ་བློན་གུང་པཎྜི་ཏ། མིང་དངོས་ལ་མགོན་པོ་དངོས་གུབ་རབ་བརྟན་ཟེར། འདིའི་ཕ་ནི་དའི་ཆའིང་སྦ་དུར་གྱི་གཅུང་པོ་མངའ་རིས་སྒར་དཔོན་ཚེ་བརྟན་བཀྲ་ཤིས་དང་མ་བསོད་ནམས་ལྷ་སྒྲོན་ལ་བུ་གསུམ་ཡོད་པའི(ཆེ་བ་རྣམ་རྒྱལ་ཚེ་བརྟན། འབྲིང་བ་གུང་པཎྜི་ཏ། ཆུང་བ་ལྷོ་བྲག་ཉི་ལྡེ་སྤྲུལ་སྐུ་བློ་བཟང་གར་དབང་མཆོག་གྲུབ)འབྲིང་པོ་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོ་འདས། དགུང་ལོ་ཆུང་དུས་སྨིན་གྲོལ་གླིང་དུ་སློབ་དཔོན་ཆོས་རྫོང་པའི་སར་ལོ་བདུན་གྱི་རིང་ཡི་གེ་དང་རིག་གནས་སློབ་སྦྱོང་མཛད་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང༌། ཕོ་ལྷ་བསོད་ནམས་སྟོབས་རྒྱས་གཉིས་ཀྱི་མདུན་སྒྲ་དང་སྡེབ་སྦྱོར། སྐར་རྩིས། སྙན་མངགས་བཅས་ཆ་ཚང་བའི་རྒྱུགས་འབུལ་བྱས་པར་བརྟེན། བྱ་དགའི་དངོས་པོ་མང་པོ་སྤྲད་ཐོག ནོ་ཡོན་པཎྜི་ཏ་ཞེས་པའི་མིང་གི་གཟེངས་བསྟོད་སྤྲད་ཅིང༌། དེ་ནས་མི་རིང་བར་གཅེན་པོ་གུང་རྣམ་རྒྱལ་ཚེ་བརྟན་ནད་མནར་གྱིས་འདས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང༌། ཕོ་ལྷ་ཐའི་ཇི་གཉིས་ནས་གུང་རྣམ་རྒྱལ་ཚེ་བརྟན་འདས་པ་དང༌། ཁོང་གི་གཅུང་པོ་ནོ་ཡོན་པཎྜི་ཏ་ལ་རིག་གནས་ཀྱི་ཤེས་ཡོན་དང་ཆབ་སྲིད་ཀྱི་འཇོན་ཐང་ཡག་པོ་ཡོད་པའི་གནས་ཚུལ་སྐོར་གོང་མ་ཆེན་ལུང་ལ་ཞུས་པར་བརྟེན་ཆེན་ལུང་ཁྲི་ལོ་ལྔ་པ(༡༧༤;')ལོར་བཀའ་ཕབ་སྟེ་གཅེན་པོ་གུང་རྣམ་རྒྱལ་ཚེ་བརྟན་གྱི་གུང་གི་གོ་གནས་དེ་གཅུང་པོ་ནོ་ཡོན་པཉི་ཏ་ལ་མུ་མཐུད་ནས་བརྒྱུད་འཛིན་བྱེད་ཏུ་བཅུག་པ་རེད། ཆེན་ལུང་ཁྲི་ལོ་བཅོ་ལྔའི(༡༧༥༠)ལོར་བཀའ་ཕབ་པ་ལྟར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་བུ་འགྱུར་མེད་རྣམ་རྒྱལ་བོད་སྡོད་ཨམ་བན་ཧྥུ་ཆིན་དང་ལབ་ཏུན་གཉིས་ཀྱིས་སྲོག་ཐོག་བཏང་རྗེས། དེའི་རྗེས་འབྲང་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་ལྷ་སར་སྡོད་པའི་ཨམ་བན་གཉིས་དང་ལས་བྱེད། ཚོང་པ་སོགས་རྒྱ་རིགས་མང་ཆེ་བ་བསད་པའི་ཟིང་འཁྲུགས་བྱུང་སྐབས། ནོ་ཡོན་པཎྜི་ཏ་ནས་ཐབས་མཁས་ཀྱིས་ངོ་ལོག་བྱེད་གཏེ་རྣམས་འཛིན་བཟུང་བྱས་ནས་སྐབས་འཕྲལ་གྱི་ལྷིང་འཇགས་ཡོང་བ་པྱེད་ཐུབ་པར་བརྟེན། དེའི་ཕྱི་ལོ་བཀའ་ཤག་གསར་དུ་འཛུགས་སྐབས་བཀའ་བློན་གྱི་གཙོ་བོ་ནོ་ཡོན་གུང་པཎྜི་ཏ་ལ་བྱེད་དུ་བཅུག་པ། དེ་ནས་བཟུང་ཆེན་ལུང་ཁྲི་ལོ་ཞེ་བདུན་པ(༡༧༨༢)ལོ་བར་ལོ་སུམ་ཅུ་སོ་གཉིས་རིང་བཀའ་བློན་གྱི་ལས་འགན་འཁུར་རྗེས་ན་རྒས་ལུས་གཅོང་གིས་དགོངས་ཞུ་བྱས་ཤིང༌། དགོངས་པ་ཞུས་རྗེས་སུའང་ལས་དོན་གལ་ཆེའི་རིགས་ལ་བཀའ་ཡིག་བྱུང་འཕྲལ་ལས་ཀ་སྔར་བཞིན་བྱེད་དགོས་བྱུང་ཡོད།

language:
Tibetan

2. Thupten Phuntsok Dictionary

རྡོ་རིང་བཀའ་བློན་གུང་པཎྜི་ཏ། མིང་དངོས་ལ་མགོན་པོ་དངོས་གྲུབ་རབ་བརྟན་ཟེར། འདིའི་ཕ་ནི་དའི་ཆའིང་སྦ་དུར་གྱི་གཅུང་པོ་མངའ་རིས་སྒར་དཔོན་ཚེ་བརྟན་བཀྲ་ཤིས་དང་མ་བསོད་ནམས་ལྷ་སྒྲོན་ལ་བུ་གསུམ་ཡོད་པའི (ཆེ་བ་རྣམ་རྒྱལ་ཚེ་བརྟན། འབྲིང་བ་གུང་པཎྜི་ཏ། ཆུང་བ་ལྷོ་བྲག་ཉི་ལྡེ་སྤྲུལ་སྐུ་བློ་བཟང་གར་དབང་མཆོག་གྲུབ) འབྲིང་པོ་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་གླང (༡༧༢༡) ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་བྱི (༡༧༩༢) ལོ་འདས།

language:
Tibetan