- gung srong gung btsan
- ID:
- T226447
- གུང་སྲོང་གུང་བཙན (Tibetan, Tibetan script, Original)
- > gung srong gung btsan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung song gung tsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(གུང་རི་གུང་བཙན་ཡང་ཞུ)བོད་རྒྱལ་སོ་བཞི་པ། ཡབ་སྲོང་བཙན་སྐམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་བོད་ས་སྦྲུལ(སྤྱི་ལོ༦༦༩)ལོར་འཁྲུངས་ཞེས་གྲགས། འདི་ཉིད་འཁྲུངས་ཡུལ་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་ཡིན། རྒྱལ་སྲས་ཟླ་བ་གསར་པ་གངས་ཅན་ཤར་རིའི་རྩེ་ནས་ལྷགས་པས་རྒྱལ་པོ་ཡབ་ཡུམ་བློན་འབངས་དང་བཅས་པས་ཐུགས་ཡིད་ཀྱི་སྤྲོ་བ་རབ་ཏུ་བརྟས་ཤིང༌། བཙས་སྟོན་ཡང་རྒྱ་ཆེ་གཟབ་རྒྱས་མཛད། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཡབ་ཀྱིས་རྒྱལ་སར་བསྐོས། བློན་པོ་མྱང་མང་པོ་རྗེ་ཞང་སྣང་དང་སྣུབས་བཙན་ཏོ་རེས་བྱས། འ་ཞ་བཟའ་མོང་རྗེ་ཁྲི་དཀར༌ཁབ་ཏུ་བཞེས། རྒྱལ་པོ་འདིའི་དུས་སུ་རྒྱ་ནག་ནས་ཇ་དང༌། རོལ་མོ་བོད་དུ་དར་ཞེས་གྲགས། རང་གི་ཡུམ་དང་ལྷན་དུ༌དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས། རྒྱལ་སྲིད་ལོ་ལྔ་བསྐྱངས་ཏེ་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ཁྱི་(༦༨༦)ལོར་ཡབ་ཀྱི་སྔོན་དུ་སྐུ་གཤེགས་པར་གྲགས། །གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས། གྲལ་ནི༌གནམ་རི་སྲོང་བཙན་གཡོན་ན་ཡོད། མིང་ནི་གུང་ཆེན་གུང་རི་ལགས་སོ་སྐད། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་གུང་རི་གུང་བཙན་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།།
- language:
- Tibetan