- gur pa grwa tshang
- ID:
- T226467
- གུར་པ་གྲྭ་ཚང (Tibetan, Tibetan script, Original)
- > gur pa grwa tshang (Tibetan, Latin script, Transliteration-THL Extended Wylie Transliteration)
- > gurpa dratsang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དགོན་པར་ས་སྐྱའི་གྲྭ་ཚང་བཞི་དང༌། དགེ་ལུགས་གྲྭ་ཚང་བདུན། བུ་སྟོན་ལུགས་གྲྭ་ཚང་ལྔ། ས་དགེ་མཉམ་འདྲེས་གྲྭ་ཚང་གཅིག་བཅས་བསྡོམས་པའི་གྲྭ་ཚང་ཁག་བཅུ་བདུན་ཡོད་(འདི་གཤམ་གྱི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཞེས་པའི་འགྲེལ་བཤད་ནང་གསལ)པའི་ནང་གསེས་ས་ལུགས་གྲྭ་ཚང་བཞིའི(༡་མངོན་དགའ་གྲྭ་ཚང༌། ༢་ཁང་གསར་གྲྭ་ཚང༌། ༣་བདེ་བ་ཅན་པ། ༤གུར་པ་གྲྭ་ཚང་བཅས)གྲས་ཡིན། གྲྭ་ཚང་འདིར་ཕྱག་བཞེས་ཡོད་པའི་ཆོ་ག་ནི། ༡་རྡོ་རྗེ་གུར་རིགས་བསྡུས་མཁའ་འགྲོ་ལྔའི་ཆོ་ག་དང༌། ༢་ས་ལུགས་རྡོ་རྗེ་ཕུར་པ། ༣་བདེ་མཆོག་ནག་པོ་ལུགས། ༤་བདག་མེད་ལྷ་མོ་བཅོ་ལྔ། ༥་ཀྱེི་རྡོར་མཚོན་ཆ་ཅན། ༦སྒྲོལ་མ་ལྷ་བདུན། ༧་གསང་འདུས་ཇོ་བོ་ལུགས་འཇིག་རྟེན་དབང་ཕྱུག ༨་འཇིགས་བྱེད་གདོང་དྲུག ༩བདེ་ཆེན་རལ་གཅིག ༡༠་ཚེ་དཔག་མེད་ལྷ་དགུ་བཅས་ཀྱི་ཆོ་ག་དང༌། ས་ལུགས་རྡོ་རྗེ་ཕུར་པའི་གར་འཆམ་བཅས་ཡོད་ཚུལ<<རབ་བརྟན་ཀུན་བཟང་གི་རྣམ་ཐར>>ལས་གསལ(གྲྭ་ཚང་འདི་རྒྱལ་རྩེ་མཆོད་རྟེན་ཆེན་པོའི་མདུན་ངོས་ལྷོ་ཕྱོགས་སུ་ཡོད)
- language:
- Tibetan
2. Thupten Phuntsok Dictionary
རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དགོན་པར་ས་སྐྱའི་གྲྭ་ཚང་བཞི་དང་། དགེ་ལུགས་གྲྭ་ཚང་བདུན། བུ་སྟོན་ལུགས་གྲྭ་ཚང་ལྔ། ས་དགེ་མཉམ་འདྲེས་གྲྭ་ཚང་གཅིག་བཅས་བསྡོམས་པའི་གྲྭ་ཚང་ཁག་བཅུ་བདུན་ཡོད (འདི་གཤམ་གྱི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཞེས་པའི་འགྲེལ་བཤད་ནང་གསལ) པའི་ནང་གསེས་ས་ལུགས་གྲྭ་ཚང་བཞིའི (༡ མངོན་དགའ་གྲྭ་ཚང་། ༢ ཁང་གསར་གྲྭ་ཚང་། ༣ བདེ་བ་ཅན་པ། ༤ གུར་པ་གྲྭ་ཚང་བཅས) གྲས་ཡིན། གྲྭ་ཚང་འདིར་ཕྱག་བཞེས་ཡོད་པའི་ཆོ་ག་ནི། རྡོ་རྗེ་གུར་རིགས་བསྡུས་མཁའ་འགྲོ་ལྔའི་ཆོ་ག་བཅས་སོ། །
- language:
- Tibetan