Skip to main content Skip to search
gur lha brgyad
ID:
T226473
  • གུར་ལྷ་བརྒྱད (Tibetan, Tibetan script, Original)
    • > gur lha brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gur lha gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཀྱེི་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས་པའི་མགོན་པོ་གུར་ལ་གཙོ་འཁོར་རྒྱས་བསྡུས་སྣ་ཚོགས་ཡོད་པའི་ནང་ནས་མགོན་པོ་གུར་གཙོ་འཁོར་བརྒྱད་ཡོད་པ་སྟེ(༡་གཙོ་བོ་མགོན་པོ་གུར། ༢་ཡུམ་ཨེ་ཀ་ཛ་ཏི། ༣་དཔལ་ལྡན་ལྷ་མོ་ཕྱག་བཞི་མ། ༤གནོད་སྦྱིན་ནག་པོ། ༥ནག་མོ་གནོད་སྦྱིན། ༦་པུ་ཏྲ་ནག་པོ། ༧ལྷ་ཏྲ་ནག་པོ། ༨་སྲིན་མོ་རལ་གཅིག་མ་བཅས་བརྒྱད་ཡོད)དེ་དག་གི་སྐུ་མདོག་དང་ཕྱག་མཚན་སོགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པའི<<སྒྲུབ་ཐབས་རིན་འབྱུང་བརྒྱ་རྩའི་ལྷན་ཐབས>>སྨད་ཆའི་ཤོག་གྲངས༢༦༨ནས༢༦༩བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

ཀྱཻ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས་པའི་མགོན་པོ་གུར་ལ་གཙོ་འཁོར་རྒྱས་བསྡུས་སྣ་ཚོགས་ཡོད་པའི་ནང་ནས་མགོན་པོ་གུར་གཙོ་འཁོར་བརྒྱད་ཡོད་པ་སྟེ ༡ གཙོ་བོ་མགོན་པོ་གུར། ༢ ཡུམ་ཨེ་ཀ་ཛ་ཊི། ༣ དཔལ་ལྡན་ལྷ་མོ་ཕྱག་བཞི་མ། ༤ གནོད་སྦྱིན་ནག་པོ། ༥ ནག་མོ་གནོད་སྦྱིན། ༦ པུ་ཏྲ་ནག་པོ། ༧ བྷ་ཏྲ་ནག་པོ། ༨ སྲིན་མོ་རལ་གཅིག་མ་བཅས་བརྒྱད་ཡོད་དོ། །

language:
Tibetan