- ge ri lha khang
- ID:
- T226482
- གེ་རི་ལྷ་ཁང (Tibetan, Tibetan script, Original)
- > ge ri lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > gé ri lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གེ་རི་གྲོང་ཆོའི་རྒྱབ་ངོས་རི་ལྡེབས་སུ་ལྷ་ཁང་གི་ཤུལ་ཞིག་ཡོད་པ་དེ་ནི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་པོ་ཏ་ལར་ཕོ་བྲང་འདེབས་པར་དགོངས་ནས་རྒྱ་མ་ནས་ལྷ་སར་ཕེབས་སྐབས་གེ་རིའི་གནས་དེར་ཡིག་དྲུག་རང་བྱོན་ཞལ་གཟིགས། ཕན་ཚུན་བྲག་ལ་འཇའ་ཚོན་བཀྲ་བ་གཅིག་ཏུ་འབྲེལ་བ། སྤྱན་རས་གཟིགས་ཁ་སར་པ་ཎི་དང༌། སྒྲོལ་མ། རྟ་མགྲིན་སོགས་རང་བྱུང་དུ་བྱོན་པ་བལ་པོའི་བཟོ་བོས་རྣམ་པ་གསལ་བར་གཏོད་ཅེས་ལོ་རྒྱུས་སུ་འཁོད་པ་དེར་བཙན་པོའི་དུས་ནས་བཞེངས་པའི་ལྷ་ཁང་ཞིག་ཡིན་འདུག
- language:
- Tibetan
2. Thupten Phuntsok Dictionary
གེ་རི་གྲོང་ཚོའི་རྒྱབ་ངོས་རི་ལྡེབས་སུ་ལྷ་ཁང་གི་ཤུལ་ཞིག་ཡོད་པ་དེ་ནི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་པོ་ཏ་ལར་ཕོ་བྲང་འདེབས་པར་དགོངས་ནས་རྒྱ་མ་ནས་ལྷ་སར་ཕེབས་སྐབས་གེ་རིའི་གནས་དེར་ཡིག་དྲུག་རང་བྱོན་ཞལ་གཟིགས། ཕན་ཚུན་བྲག་ལ་འཇའ་ཚོན་བཀྲ་བ་གཅིག་ཏུ་འབྲེལ་བ། སྤྱན་རས་གཟིགས་ཁྭ་སར་པ་ཎི་དང་། སྒྲོལ་མ། རྟ་མགྲིན་སོགས་རང་བྱུང་དུ་བྱོན་པ་བལ་པོའི་བཟོ་བོས་རྣམ་པ་གསལ་བར་གཏོད་ཅེས་ལོ་རྒྱུས་སུ་འཁོད་པ་དེར་བཙན་པོའི་དུས་ནས་བཞེངས་པའི་ལྷ་ཁང་ཞིག་ཡིན་འདུག
- language:
- Tibetan