- go ta ma[ (]shAkya thub pa[) ]dgung lo gya gcig ring bzhugs pa'i gnas nyer brgyad
- ID:
- T226513
- གོ་ཏ་མ (ཤཱཀྱ་ཐུབ་པ) དགུང་ལོ་གྱ་གཅིག་རིང་བཞུགས་པའི་གནས་ཉེར་བརྒྱད (Tibetan, Tibetan script, Original)
- > go ta ma[ (]shAkya thub pa[) ]dgung lo gya gcig ring bzhugs pa'i gnas nyer brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > gotama shakya tuppa gunglo gyachikring zhukpé né nyergyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཛོད་ལས་གསུངས་པར། ཆོས་འཁོར་གནས་དང་ཡངས་པ་ཅན། །བྱས་པ་གསོད་དང་ཀོོ་ཤམ་བྷི། །ས་དཀར་ཅན་དང་ལྷ་ཡི་གནས། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅོས་དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེར་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་གནས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པའི་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། ། ཉི་ཤུ་རྩ་དགུ་ཁབ་གནས་སུ། །ཐམས་ཅད་མཁྱེན་པ་བཞུགས་པ་ཡིན། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །སྟོན་པ་ཉིད་ཀྱི་འཁྲུངས་ལོ་གོང་གཞུང་དུ་བསྟུན་པ་ན། ས་མོ་ལུག་ལོའི་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་མཚན་ཐུན་དང་པོ་སྐར་མ་རྒྱལ་ནུབ་པའི་དུས་སྦྱོར་འོང་བས་དེ་རྗེས་གུང་ཐུན་ལ་ལྷུམས་སུ་ཞུགས(སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་གྱ་གཅིག་པའི་ཟླ་བདུན་པའི་ཚེས་བཅོ་ལྔ)དེའི་ཕྱི་ལོ་ལྕགས་སྤྲེལ་གྱི་ས་ག་ཟླ་བའི་ཚེས་བདུན་གྱི་གུང་ཐུན་ཐ་མར་སྐུ་བལྟམས་སོ། གོང་དང་མཐུན་པ་བྱས་ན་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི(༡༩༨༢)ལོ་བར་ལོ(༢༨༦༣)ཡིན་པ་དང་དགོངས་པ་རྫོགས་ཏེ་ལོ(༢༩༤༤)འདས་སོ། །
- language:
- Tibetan
2. Thupten Phuntsok Dictionary
མཛོད་ལས་གསུངས་པར། ཆོས་འཁོར་གནས་དང་ཡངས་པ་ཅན། །བྱས་པ་གསོད་དང་ཀཽ་ཤམ་བྷི། །ས་དཀར་ཅན་དང་ལྷ་ཡི་གནས། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅོས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེར་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་གནས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པའི་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །ཐམས་ཅད་མཁྱེན་པ་བཞུགས་པ་ཡིན། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །
- language:
- Tibetan