- go dan rgyal po
- ID:
- T226518
- གོ་དན་རྒྱལ་པོ (Tibetan, Tibetan script, Original)
- > go dan rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > go den gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(元太宗窝阔台)ཡོན་རྒྱལ་རབས་ཀྱི་གོང་མ་ཐའི་ཙུང་ཨོ་གོ་དན(阔端)བུ་གཉིས་པ་ཡིན། རབ་བྱུང་གསུམ་པའི་མེ་སྟག(༡༢༠༦)ལོ་པ་རང་ལོ་ཉེར་དགུ་རབ་བྱུང་བཞི་པའི་ཤིང་རྟ(༡༢༣༤)ལོ་ནས་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)བར་ལོ་བཅོ་བརྒྱད་རིང་སྲིད་དབང་བཟུང༌། འདིས་སྲིད་དབང་བཟུང་བའི་ཕྱི་ལོ་མཛེ་ནད་ཀྱིས་ཟིན། འདིའི་ཁྲི་ལོ་དྲུག་པ་ས་ཕག་(༡༢༣༩)ལོར། ས་སྐྱ་བ་དང༌། ཕག་གྲུ། འབྲི་གུང༌། ཚལ་པ། སྟག་ལུང་བཅས་ཀྱི་མི་སྣ་རྣམས་སོག་ཡུལ་དུ་མངགས་ནས་སོ་སོས་རྒྱབ་རྟེན་བཅོལ་ས་རེ་བཙལ་ཏེ། འབྲི་གུང་པ་དང་གཙང་མགུར་མོ་བས་རྒྱལ་སྲས་མོང་གོལ་ཧན(蒙哥汗)ལ་མགོ་བཏགས། ས་སྐྱ་བ་དང་ལྷ་སྡེ་གཞུང་པ་གཉིས་ཀྱིས་རྒྱལ་པོ་གོ་དན(阔端)ལ་མགོ་བཏགས། ཚལ་པས་རྒྱལ་སྲས་ཧུ་པེ་ལི་སེ་ཆེན(忽必烈)ལ་མགོ་བཏགས། ཕག་གྲུ་དང༌། གཡའ་བཟང་པ། ཐང་པོ་ཆེ་པ་བཅས་ཀྱིས་རྒྱལ་སྲས་ཧུ་ལི་ཧུ(旭烈元)ལ་མགོ་བཏགས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག(阿里不哥)ལ་མགོ་བཏགས་པ་བཅས་བྱས། དེའི་ཕྱི་ལོ་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤;')ལོར་གོ་དན་རྒྱལ་པོས་དམག་དཔོན་དོར་རྟ་ནས་སྣེ་ཁྲིད་པའི་སོག་དམག(ལེའང་ཀྲའུ凉州ཞེས་ད་ལྟ་ཀན་སུའུ་ཞིང་ཆེན་ཁོངས་ཨུ་ཝི武威ཞེས་པའི་ས་ཆ་དེ་ཡིན)བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་བཅས་བོད་མི་མཐོང་ཚད་གསོད་པ་དང༌། ཁང་པ་མེར་སྲེག་རྒྱུ་དངོས་འཕྲོག་བཅོམ་བཅས་ཀྱི་དམག་ཇུས་ལག་བསྟར་བྱས་ཏེ་རིམ་བཞིན་འཕན་པོར་འབྱོར་ནས་རྒྱལ་ལྷ་ཁང་མེར་བསྲེགས། རྭ་སྒྲེང་གཙུག་ལག་ཁང་ལ་ཡང་གནོད་སྐྱོན་ཆེན་པོ་བཏང༌། སྟག་ལུང་དགོན་པ་རྨུགས་པས་བསྒྲིབས་ནས་མ་མཐོང༌། གྲྭ་པ་རབ་བྱུང་ལྔ་བརྒྱ་ཙམ་བསད། འབྲི་གུང་སྤྱན་སྔ་རིན་པོ་ཆེས་རྡོ་ཆར་ཕབ་པས་འབྲི་གུང་པར་གནོད་མ་སྐྱེལ་བར་རྒྱལ་པོའི་མཆོད་གནས་སུ་ཕེབས་དགོས་པར་ཞུས་ཀྱང་མ་ཕེབས་པར་བརྟེན་དམག་དཔོན་དོར་རྟ་ནས་རྒྱལ་པོ་གོ་དན་ལ་བོད་དུ་ཆོས་ལ་མཁས་པ་ས་པཎ་ཡིན་པའི་གནས་ཚུལ་ཡིག་འཕྲིན་བཏང་ཞིང༌། གོ་དན་གྱིས་ས་སྐྱ་པཎ་ཆེན་ཧོར་ཡུལ་དུ་གདན་དྲངས་པའི་ཞུ་ཡིག་མཇུག་ཏུ་ཐ་ཚིག་བསྒྲགས་པ་ཞིག་ཕུལ་བ་དང༌། འབྲི་གུང་སྤྱན་སྔ་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་གཞན་དག་མང་པོས་ཀྱང་གོ་དན་རྒྱལ་པོའི་འདོད་པ་ལྟར་ཧོར་ཡུལ་དུ་ཕེབས་དགོས་པའི་བསྐུལ་མ་ཞུས་པ་བཞིན། ས་སྐྱ་པཎ་ཆེན་དགུང་ལོ་དྲུག་ཅུ་རེ་གསུམ། འགྲོ་མགོན་འཕགས་པ་དགུང་ལོ་བཅུ། འགྲོ་མགོན་ཕྱག་ན་དགུང་ལོ་བརྒྱད་བཅས་ལ་ཕེབས་པ་རབ་བྱུང་པ་བཞི་པའི་ཤིང་འབྲུག(༡༢༤༤)ལོར་ཁུ་དབོན་གསུམ་ཀ་ལྷན་རྒྱས་སོག་ཡུལ་དུ་ཕེབས། ཐོག་མར་གོ་དན་གྱིས་མཇལ་འཕྲད་མ་ཞུས་པར་རང་ཉིད་ཀྱི་ནད་གཞིར་སྨན་བཅོས་གནང་བཅུག་པས་རྒྱལ་པོ་ནད་ལས་ཐར། རྒྱལ་པོས་གནམ་གྱི་ལྷ་མཆོད་པའི་གྲལ་འགོ་ཕུལ་ཞིང་འོན་ཀྱང་ཆོས་མ་ཞུས་པར་ད་དུང་ཚོད་བགམ་སྣ་ཚོགས་བྱས། དེ་ནས་ལོ་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་ས་སྐྱ་པཎ་ཆེན་སྐུ་གཤེགས་ཤིང༌། དེའི་ཕྱི་ལོར་གོ་དན་རྒྱལ་པོས་བློན་པོ་དོར་སྟི་ཏས་སྣེ་ཁྲིད་པའི་དམག་དཔུང་བོད་དུ་བཏང་ཡང་བོད་དུ་མ་འབྱོར་གོང་དུ་གོ་དན་རྒྱལ་པོ་རང་ཉིད་འདས། དམག་དཔུང་དེ་བོད་དུ་འབྱོར་ནས་ལྷོ་ཁའི་མོན་མཁར་མགོན་པོ་གདོང་བཅོམ་ཞིང་རིན་པོ་ཆེ་རྒྱལ་ཚ་དང་ཇོ་འབེར་བཀྲོངས་པ་སོགས་བྱས། མཐར་ཁྲི་ལོ་བཅོ་བརྒྱད་པ་དང་རང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་འདས། བང་སོ་ས་གནས་གང་དུ་ཡོད་མེད་ལོ་རྒྱུས་མི་གསལ། །
- language:
- Tibetan
2. Thupten Phuntsok Dictionary
ཡོན་རྒྱལ་རབས་ཀྱི་གོང་མ་ཐའི་ཙུང་ཨོ་གོ་དན་བུ་གཉིས་པ་ཡིན། རབ་བྱུང་གསུམ་པའི་མེ་སྟག (༡༢༠༦) ལོ་པ་རང་ལོ་ཉེར་དགུ་རབ་བྱུང་བཞི་པའི་ཤིང་རྟ (༡༢༣༤) ལོ་ནས་རབ་བྱུང་བཞི་པའི་ལྕགས་ཕག (༡༢༤༡) བར་ལོ་བཅོ་བརྒྱད་རིང་སྲིད་དབང་བཟུང་། འདིས་སྲིད་དབང་བཟུང་བའི་ཕྱི་ལོ་མཛེ་ནད་ཀྱིས་ཟིན། འདིའི་ཁྲི་ལོ་དྲུག་པ་ས་ཕག (༡༢༣༩) ལོར། ས་སྐྱ་པ་དང་། ཕག་གྲུ། འབྲི་གུང་། ཚལ་པ། སྟག་ལུང་བཅས་ཀྱི་མི་སྣ་རྣམས་སོག་ཡུལ་དུ་མངགས་ནས་སོ་སོས་རྒྱབ་རྟེན་བཅོལ་ས་རེ་བཙལ་ཏེ། འབྲི་གུང་པ་དང་གཙང་མགུར་མོ་བས་རྒྱལ་སྲས་མོང་གོལ་ཧན་ལ་མགོ་བཏགས། ས་སྐྱ་པ་དང་ལྷ་སྡེ་གཞུང་པ་གཉིས་ཀྱིས་རྒྱལ་པོ་གོ་དན་ལ་མགོ་བཏགས། ཚལ་པས་རྒྱལ་སྲས་ཧུ་པེ་ལི་སེ་ཆེན་ལ་མགོ་བཏགས། ཕག་གྲུ་དང་། གཡའ་བཟང་པ། ཐང་པོ་ཆེ་པ་བཅས་ཀྱིས་རྒྱལ་སྲས་ཧུ་ལི་ཧུ་ལ་མགོ་བཏགས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག་ལ་མགོ་བཏགས་པ་བཅས་བྱས། དེའི་ཕྱི་ལོ་རབ་བྱུང་བཞི་པའི་ལྕགས་བྱི (༡༢༤༠) ལོར་གོ་དན་རྒྱལ་པོས་དམག་དཔོན་དོར་རྟ་ནས་སྣེ་ཁྲིད་པའི་སོག་དམག (ལེའང་ཀྲའུ་ཞེས་ད་ལྟ་ཀན་སུའུ་ཞིང་ཆེན་ཁོངས་ཨུ་ཝི་ཞེས་པའི་ས་ཆ་དེ་ཡིན) བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་བཅས་བོད་མི་མཐོང་ཚད་གསོད་པ་དང་། ཁང་པ་མེར་སྲེག་རྒྱུ་དངོས་འཕྲོག་བཅོམ་བཅས་ཀྱི་དམག་ཇུས་ལག་བསྟར་བྱས་ཏེ་རིམ་བཞིན་འཕན་པོར་འབྱོར་ནས་རྒྱལ་ལྷ་ཁང་མེར་བསྲེགས། རྭ་སྒྲེང་གཙུག་ལག་ཁང་ལ་ཡང་གནོད་སྐྱོན་ཆེན་པོ་བཏང་། སྟག་ལུང་དགོན་པ་སྨུགས་པས་བསྒྲིབས་ནས་མ་མཐོང་། གྲྭ་པ་རབ་བྱུང་ལྔ་བརྒྱ་ཙམ་བསད། འབྲི་གུང་སྤྱན་སྔ་རིན་པོ་ཆེས་རྡོ་ཆར་ཕབ་པས་འབྲི་གུང་པར་གནོད་མ་སྐྱེལ་བར་རྒྱལ་པོའི་མཆོད་གནས་སུ་ཕེབས་དགོས་པར་ཞུས་ཀྱང་མ་ཕེབས་པར་བརྟེན་དམག་དཔོན་དོར་རྟ་ནས་རྒྱལ་པོ་གོ་དན་ལ་བོད་དུ་ཆོས་ལ་མཁས་པ་ས་སྐྱ་པཎྜི་ཏ་ཡིན་པའི་གནས་ཚུལ་ཡིག་འཕྲིན་བཏང་ཞིང་། གོ་དན་གྱིས་ས་སྐྱ་པཎ་ཆེན་ཧོར་ཡུལ་དུ་གདན་གྲངས་པའི་ཞུ་ཡིག་མཇུག་ཏུ་ཐ་ཚིག་བསྒྲགས་པ་ཞིག་ཕུལ་བ་དང་། འབྲི་གུང་སྤྱན་སྔ་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་གཞན་དག་མང་པོས་ཀྱང་གོ་དན་རྒྱལ་པོའི་འདོད་པ་ལྟར་ཧོར་ཡུལ་དུ་ཕེབས་དགོས་པའི་བསྐུལ་མ་ཞུས་པ་བཞིན། ས་སྐྱ་པཎ་ཆེན་དགུང་ལོ་དྲུག་ཅུ་རེ་གསུམ། འགྲོ་མགོན་འཕགས་པ་དགུང་ལོ་བརྒྱད་བཅས་ལ་ཕེབས་པ་རབ་བྱུང་བཞི་པའི་ཤིང་འབྲུག (༡༢༦༦) ལོར་ཁུ་དབོན་གསུམ་ཀ་ལྷན་རྒྱས་སོག་ཡུལ་དུ་ཕེབས། ཐོག་མར་གོ་དན་གྱིས་མཇལ་འཕྲད་མ་ཞུས་པར་རང་ཉིད་ཀྱི་ནད་གཞིར་སྨན་བཅོས་གནང་བཅུག་པས་རྒྱལ་པོ་ནད་ལས་ཐར། རྒྱལ་པོས་གནམ་ཀྱི་ལྷ་མཆོད་པའི་གྲལ་འགོ་ཕུལ་ཞིང་འོན་ཀྱང་ཆོས་མ་ཞུས་པར་ད་དུང་ཚོད་བགམ་སྣ་ཚོགས་བྱས། དེ་ནས་ལོ་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་ཕག (༡༢༥༡) ལོར་ས་སྐྱ་པཎ་ཆེན་སྐུ་གཤེགས་ཤིང་། དེའི་ཕྱི་ལོར་གོ་དན་རྒྱལ་པོས་བློན་པོ་དོར་བྷི་ཏས་སྣེ་ཁྲིད་པའི་དམག་དཔུང་བོད་དུ་བཏང་ཡང་བོད་དུ་མ་འབྱོར་གོང་དུ་གོ་དན་རྒྱལ་པོ་རང་ཉིད་འདས། དམག་དཔུང་དེ་བོད་དུ་འབྱོར་ནས་ལྷོ་ཁའི་མོན་མཁར་མགོན་པོ་གདོང་བཅོམ་ཞིང་རིན་པོ་ཆེ་རྒྱལ་ཚ་དང་ཇོ་འབེར་བཀྲོངས་པ་སོགས་བྱས། མཐར་ཁྲི་ལོ་བཅོ་བརྒྱད་པ་དང་རང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་མོ་ཕག (༡༢༥༡) ལོར་འདས། བང་སོ་ས་གནས་གང་དུ་ཡོད་མེད་ལོ་རྒྱུས་མི་གསལ།
- language:
- Tibetan