Skip to main content Skip to search
go don shugs bstan ri mo
ID:
T226524
  • གོ་དོན་ཤུགས་བསྟན་རི་མོ (Tibetan, Tibetan script, Original)
    • > go don shugs bstan ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > godön shuk ten rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་ཡོ་རིབ་ནུབ་མར་ཐོན་པའི་རི་མོའི་བྱེ་བྲག་ཅིག་ཡིན། དེ་ནི་མི་སྣའི་གཟུགས་དབྱིབས་དང་། ཡུལ་ལྗོངས་དངོས་པོ་སྣ་ཚོགས་བྲིས་ཏེ། སྤྱི་ཚོགས་ཐོག་གི་མི་སྣ་འགའ་ཞིག་གམ་དོན་ཞིག་སྤྱི་ཚོགས་ཀྱི་མངོན་ཚུལ་འགའ་ཞིག་སོགས་མཚོན་པར་བྱེད་པའི་རི་མོའི་རིགས་ཤིག་ཡིན། རི་མོ་དེ་རིགས་ཀྱིས་ཐད་ཀར་མིན་པར་མངོན་ཆུང་ངང་ནས་ལྟད་མོ་བ་ཚོར་བརྩམ་བྱའི་ནང་གི་གཙོ་བོའི་བརྗོད་བྱ་དང་། དགོས་དོན་རྣམས་ལ་མྱོང་རོལ་བྱེད་འཇུག་གི་ཡོད། དཔེར་ན། བུད་མེད་ཅིག་བྲིས་ཏེ་དེའི་ལག་གཡས་པར་གྲི་དང་། གཡོན་པར་འདེགས་སྲང་ཞིག་འཛིན་པ་དེ་ཐོག་ནས་བདེན་དོན་མཚོན་པ་བྱེད་ཀྱི་ཡོད་ཀྱང་མགོ་བོར་རྭ་ཅོ་སྐྱེས་པ་དང་ལུས་ལ་གོ་ཁྲབ་གྱོན་པའི་གདུག་རྩུབ་ཆེ་བའི་རྣམ་པ་བྲིས་པ་དེས་དམག་འཁྲུག་མཚོན་གྱི་ཡོད།

language:
Tibetan