- go yug gan
- ID:
- T226548
- གོ་ཡུག་གན (Tibetan, Tibetan script, Original)
- > go yug gan (Tibetan, Latin script, Transliteration-THL Extended Wylie Transliteration)
- > go yuk gen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཐའི་ཡི་བུ་ཆེ་བ་ཡིན། ཡོན་ཐའི་ཙུང་ཨོ་གོ་ཐའི་ནད་མནར་གྱིས་འདས་པའི་རྗེས་སུ་བཙུན་མོ་ཧྲའོ་ཚི་ཟེར་བས་ལོ་བཞིའི་རིང་སྲིད་དབང་བཟུང༌། བཙུན་མོ་དེ་ནད་མནར་གྱིས་འདས་རྗེས་གོ་ཡུག་གིས་སྲིད་དབང་བཟུང༌། བོད་ཡིག་གི་ལོ་རྒྱུས་ཐོག རྒྱལ་པོ་འདིས་རང་ལོ་ཉེར་དགུ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ(༡༢༣༣)ལོར་ཟླ་བ་དྲུག་རིང་སྲིད་དབང་བཟུང་ནས་འདས་ཞེས་གསལ། རྒྱ་ཡིག་གི་ཀྲུང་གོའི་ལོ་རྒྱུས་ཐོག<<གོང་མ་དང་རྒྱལ་རབས>>ཞེས་པའི་དེབ་ནང་རྒྱལ་པོ་འདིས་ལོ་གསུམ་རིང་སྲིད་དབང་བཟུང་ནས་ནད་མནར་གྱིས་འདས་ཞེས་གསལ་བས་བརྟག་དགོས།
- language:
- Tibetan
2. Thupten Phuntsok Dictionary
ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཐའི་ཡི་བུ་ཆེ་བ་ཡིན། ཡོན་ཐའི་ཙུང་ཨོ་གོ་ཐའི་ནད་ཀྱི་མནར་ཏེ་འདས་པའི་རྗེས་སུ་བཙུན་མོ་ཧྲའོ་ཚི་ཟེར་བས་ལོ་བཞིའི་རིང་སྲིད་དབང་བཟུང་། བཙུན་མོ་དེ་ནད་ཀྱིས་མནར་ཏེ་འདས་རྗེས་གོ་ཡུག་གིས་སྲིད་དབང་བཟུང་། བོད་ཡིག་གི་ལོ་རྒྱུས་ཐོག རྒྱལ་པོ་འདིས་རང་ལོ་ཉེར་དགུ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ (༡༢༣༣) ལོར་ཟླ་བ་དྲུག་རིང་སྲིད་དབང་བཟུང་ནས་འདས་ཞེས་གསལ། རྒྱ་ཡིག་གི་ཀྲུང་གོའི་ལོ་རྒྱུས་ཐོགགོང་མ་དང་རྒྱལ་རབས》ཞེས་པའི་དེབ་ནང་རྒྱལ་པོ་འདིས་ལོ་གསུམ་རིང་སྲིད་དབང་བཟུང་ནས་ནད་ཀྱིས་མནར་ཏེ་འདས་ཞེས་གསལ་བས་བརྟག་དགོས།
- language:
- Tibetan