Skip to main content Skip to search
go la'i thig 'debs tshul
ID:
T226561
  • གོ་ལའི་ཐིག་འདེབས་ཚུལ (Tibetan, Tibetan script, Original)
    • > go la'i thig 'debs tshul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > golé tik deb tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི<<དགའ་ལྡན་རྩིས་གསར>>ལས། གཞི་གང་བྱེད་པ་དེས་ཡི་སྟེང་ནང་ཟླུམ་བསྐོར། །ནང་མར་ཟུར་ཅིག་བཞི་གདབ་དེའི་ནང་ཕྱེད། །ནང་མའི་ཕྱེད་དུའང་ཟླུམ་པོ་རེ་རེ་བསྐོར། །ནང་ནས་ལྷུན་པོ་ལྷུན་བཅས་འཛམ་གླིང་ཆེ། །བཱ་ཚའི་རྒྱ་མཚོའི་སའོ་བཱ་ཚའི་ཕྱིར། །དེ་མཉམ་གཉིས་བསྐོར་མེ་རླུང་གོ་སའོ། །ལྷུན་པོའི་རིང་ནས་འཛམ་གླིང་ནང་མཐའི་བར། །བཅོ་བརྒྱད་བགོས་པ་ནང་གི་གླིང་མཚོ་རི། །ས་ཆུའི་ཕྱོགས་བཞིར་གསུམ་རེ་བགོས་པ་ཡི། །ས་ལ་གླིང་ཡོད་ཆུ་སའི་སྟེང་ཁྱིམ་འཁོར། །མེ་བསིལ་རིའི་བར་དུ་བདུན་ཁྲི་ལྔ་སྟོང་ཡང༌། །ཉི་མའི་ཟེར་རེག་དཀྱིལ་འཁོར་དེའི་ནང་འཁོར། །སའི་སྟེང་ཕྱེད་དང་བཅུ་གསུམ་དང་ཆུའི་བཞི་གསུམ་ཚུན་ལྔ་ཁྲིར། །གླིང་རྣམས་སོ་སོའི་རྐང་མཐའི་རང་དབང་དབུས། །ཐིག་སྐུད་བཟུང་ལ་བཱ་ཚའི་བཞི་ཆ་ཕྱིར། (ཉི་ཟླས་འདི་ལས་ལྷོ་དང་རྒྱ་གར་དབུས་ལས་བྱང་དུ་མི་འདའ་ཟེར)དོར་ནས(བསིལ་རིའི་དབུས་སམ)བཅུ་གཉིས་བསྐོར་ཞིང་གླིང་སོ་སོའི། །མེ་བསིལ་རེག་པར་ཟླུམ་བསྐོར་ཞིང་སོ་སོའི། །མེ་བསིལ་རེག་པར་ཟླུམ་བསྐོར(དུམ་བུ་བདུན་པའི་ཕྱེད་ནས་འབབས་པས)ལྷོ་བྱང་དུ། །གཞུ་པད་དབྱིབས་འབྱུང་རྒྱུ་སྐར་ཉེར་བརྒྱད་ཀྱི། །ས་ཆར་ཁྱིམ་ཞེས་གྲགས་པར་གཟའ་འཁོར་ཚུལ། (༡༩༡་༣་༣)བགྲོད་གཉིས་གཟེར་བཞི་ས་ཡི་དུམ་བཞིའང་རྟོགས། །ཉི་ཟླའི་བྱང་ལྷོ་མཐར་ཐུགས་དུས་མཐོ་དམན། (བར་༡༡)ས་ཡན་སྟོང་ཕྲག་གྱ་དྲུག་དོན་ལྔའོ། །དེང་སང་ཕལ་ཆེར་ཁྱིམ་དུམ་གཡས་བསྐོར་འདོད། །དེ་ཡང་ལྷོ་གླིང་དབུས་དཀྱིལ་ཉི་མས་ལུག། ཐ་སྐར་སྟེང་སླེབས(མ་ཐག་དཔྱིད་མཉམ)ཉིན་རེའི་འཕེལ༣༦༠འགྲིབ་བྱེད། །ཉི་མས་ཉིན་རེར་དཔག་ཚད(ཀྱང)ཅུང་མེད་མཐོ་དམན(འགྲོ)འབྱུང༌། དེ་ཡང༌། །ཡར་ངོ་ལུག་སླེབས་དཔྱིད་འབྲིང་ནག་ཟླ་དང༌། །མར་སླེབས་མར་ངོ་སྔོན་འགྲོ་ས་ག་ཐ༌། །ཀརྚ་པའི་སའི་རྐང་པ་ཐ་མ་ལ། །སླེབས་ཚེ་བྱང་བགྲོད་མཐར་ཐུག་དབྱར་འབྲིང་ཐ༌། །སྲང་ཁྱིམ་ནག་པའི་ཕྱེད་སླེབས་སྟོན་མཉམ་འབྲིང༌། (ངམ་ཐ)ཆུ་སྲིན་ཆུ་སྨད་རྐང་པ་གཉིས་པོ་ལ། །སླེབས་ཚེ་ལྷོ་བགྲོད་མཐར་ཐུག་དགུན་འབྲིང་ཐ། །ཁྱིམ་གཞན་བརྒྱད་ལའང་རང་མཐའི་ཟླ་སྦྱོར་སླ། །དེ་བཞིན་ལྷོ་གླིང་ནུབ་མར་གླང་སྡིག་མཉམ། །སེང་བུམ་མཐར་ཐུག་ཇི་བཞིན་གཞན་ལའང་སྦྱོར། །དཔྱད་མཉམ(ཚེ)ནུབ་དབུས་ལྷོ་བགྲོད་མཐར་ཀརྚ། །བྱང་དབུས་སྟོན་མཉམ(སྲང)ཤར་དབུས་བྱང་མཐར་ཐུག(ཆུ་སྲིན)ལ་སོགས་མར་བཀོད་གོ་ལར་ཡང་ནི་གསལ། འོན་ཀྱང་དུས་བཞིའི་གནས་ཚུལ་གཡོན་བསྐོར་རོ། །

language:
Tibetan

2. Thupten Phuntsok Dictionary

གཞི་གང་བྱེད་པ་དེས་ཡི་སྟེང་ནང་ཟླུམ་བསྐོར། །ནང་མར་ཟུར་ཅིག་བཞི་གདབ་དེའི་ནང་ཕྱེད། །ནང་ནས་ལྷུན་པོ་ལྷུན་བཅས་འཛམ་གླིང་ཆེ། བཱ་ཚའི་རྒྱ་མཚོའི་སའོ་བཱ་ཚའི་ཕྱིར། །དེ་མཉམ་གཉིས་བསྐོར་མེ་རླུང་གོ་སའོ། །ལྷུན་པོའི་རིང་ནས་འཛམ་གླིང་ནང་མཐའི་བར། །བཅོ་བརྒྱད་བགོས་པ་ནང་གི་གླིང་མཚོ་རི། །སུ་ཆུའི་ཕྱོགས་བཞིར་གསུམ་རེ་བགོས་པ་ཡི། །ས་ལ་གླིང་ཡོད་ཆུ་སའི་སྟེང་ཁྱིམ་འཁོར། །མེ་བསིལ་རིའི་བར་དུ་བདུན་ཁྲི་ལྔ་སྟོང་ཡང་། །ཉི་མའི་ཟེར་རེག་དཀྱིལ་འཁོར་དེའི་ནང་འཁོར། །སའི་སྟེང་ཕྱེད་དང་བཅུ་གསུམ་དང་ཆུའི་བཞི་གསུམ་ཚུན་ལྔ་ཁྲིར། །གླིང་རྣམས་སོ་སོའི་རྐང་མཐའི་རང་དབང་དབུས། །ཐིག་སྐུད་བཟུང་ལ་བཱ་ཚའི་བཞི་ཆ་ར། (ཉི་ཟླས་འདི་ལས་ལྷོ་དང་རྒྱ་གར་དབུས་ལས་བྱང་དུ་མི་འདའ་ཟེར) །དོར་ནས (བསིལ་རིའི་དབུས་སཕྱེར) བཅུ་གཉིས་བསྐོར་ཞིང་གླིང་སོ་སོའི། །མེ་བསིལ་རེག་པར་ཟླུམ་བསྐོར་ཞིང་སོ་སོའི། །མེ་བསིལ་རེག་པར་ཟླུམ་སྐོར (དུམ་བུ་བདུན་པའི་ཕྱེད་ནས་འབབས་པས) ལྷོ་བྱང་དུ། །གཞུ་པད་དབྱིབས་འབྱུང་རྒྱུ་སྐར་ཉེར་བརྒྱད་ཀྱི། །ས་ཆར་ཁྱིམ་ཞེས་གྲགས་པར་གཟའ་འཁོར་ཚུལ། ༡༩༡࿎༣࿎༣ །བགྲོད་གཉིས་གཟེར་བཞི་ས་ཡི་དུམ་བཞིའང་རྟོགས། །ཉི་ཟླའི་བྱང་ལྷོ་མཐར་ཐུགས་དུས་མཐོ་དམན། (བར་༡༡) ས་ཡན་སྟོང་ཕྲག་གྱ་དྲུག་དོན་ལྔའོ། ། དེང་སང་ཕལ་ཆེར་ཁྱིམ་དུམ་གཡས་བསྐོར་འདོད། །དེ་ཡང་ལྷོ་གླིང་དབུས་དཀྱིལ་ཉི་མས་ལུག ཐ་སྐར་སྟེང་སླེབས་ (མ་ཐག་དཔྱིད་མཉམ) ཉིན་རེའི་འཕེལ་༣༦༠འགྲིབ་བྱེད། །ཉི་མས་ཉིན་རེར་དཔག་ཚད (ཀྱང) ཅུང་མེད་མཐོ་དམན (འགྲོ) འབྱུང་། དེ་ཡང་། ཡར་ངོ་ལུག་སླེབས་དཔྱིད་འབྲིང་ནག་ཟླ་དང་། །མར་སླེབས་མར་ངོ་སྔོན་འགྲོ་ས་ག་ཐ། །ཀཪྚ་པའི་སའི་རྐང་པ་ཐ་མ་ལ། །སླེབས་ཚེ་བྱང་བགྲོད་མཐར་ཐུག་དབྱར་འབྲིང་ཐ་། སྲང་ཁྱིམ་ནག་པའི་ཕྱེད་སླེབས་སྟོན་མཉམ་འབྲིང་། (ངམ་ཐ) ཆུ་སྲིན་ཆུ་སྨད་རྐང་པ་གཉིས་པོ་ལ། །སླེབས་ཚེ་ལྷོ་བགྲོད་མཐར་ཐུག་དགུན་འབྲིང་ཐ། །ཁྱིམ་གཞན་བརྒྱད་ལའང་རང་མཐའི་ཟླ་སྦྱོར་སླ། །དེ་བཞིན་ལྷོ་གླིང་ནུབ་མར་གླང་སྡིག་མཉམ། །སེང་བུམ་མཐར་ཐུག་ཇི་བཞིན་གཞན་ལའང་སྦྱོར། །དཔྱད་མཉམ (ཚ) ནུབ་དབུས་ལྷོ་བགྲོད་མཐར་ཀཪྚ། །བྱང་དབུས་སྟོན་མཉམ (སྲང) ཤར་དབུས་བྱང་མཐར་ཐུག (ཆུ་སྲིན) ལ་སོགས་མར་བཀོད་གོ་ལར་ཡང་ནི་གསལ། འོན་ཀྱང་དུས་བཞིའི་གནས་ཚུལ་གཡོན་བསྐོར་རོ། །

language:
Tibetan