Skip to main content Skip to search
gong dkar dga' ldan bshad sgrub gling
ID:
T226570
  • གོང་དཀར་དགའ་ལྡན་བཤད་སྒྲུབ་གླིང (Tibetan, Tibetan script, Original)
    • > gong dkar dga' ldan bshad sgrub gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongkar ganden shedrup ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་རབ་བྱུང་བཅུ་གཅིག་པའི་ཤིང་རྟ(༡༦༥༤)ལོར་གསར་འདེབས་གནང་བའི་དགེ་དགོན་གྲས་ཡིན་ཅིང༌། སྣེ་གདོང་གི་ཕོ་བྲང་གོང་རི་དཀར་པོའི་ཉེ་འདབས་སུ་ཡོད་ཅིང༌། མཚན་ཉིད་གྲྭ་ཚང་ཡིན། འཆད་ཉན་ཡིག་ཆ་ནི་རྭ་སྟོད་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་མཛད་པའི<<བསྡུས་གྲྭ>>པཎ་ཆེན་བདེ་ལེགས་ཉི་མ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི<<འདུལ་བ>>དྭགས་པོ་བློ་གྲོས་འཕེལ་གྱིས་མཛད་པའི<<ཕར་ཕྱིན>>འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པའི<<དབུ་མ>>དང་སྐུ་ཕྲེང་ལྔ་པས་མཛད་པའི<<དབུ་མ>><<མཛོད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ>>བཅས་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས<<བེི་སེར>>མཛད་སྐབས་གྲྭ་གྲངས་༡༦༠སྐོར་ཡོད་པར་གསུངས།

language:
Tibetan

2. Thupten Phuntsok Dictionary

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས་རབ་བྱུང་བཅུ་གཅིག་པའི་ཤིང་རྟ (༡༦༥༤) ལོར་གསར་འདེབས་གནང་བའི་དགེ་དགོན་གྲས་ཡིན་ཅིང་། སྣེ་གདོང་གི་ཕོ་བྲང་གོང་རི་དཀར་པོའི་ཉེ་འདབས་སུ་ཡོད་ཅིང་། མཚན་ཉིད་གྲྭ་ཚང་ཡིན། འཆད་ཉན་ཡིག་ཆ་ནི་རྭ་སྟོད་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་མཛད་པའི་བསྡུས་གྲྭ། པཎ་ཆེན་བདེ་ལེགས་ཉི་མ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་འདུལ་བ། དྭགས་པོ་བློ་གྲོས་འཕེལ་གྱིས་མཛད་པའི་དབུ་མ་དང་སྐུ་ཕྲེང་ལྔ་པས་མཛད་པའི་དབུ་མ། མཛོད་ཆོས་མངོན་རིན་ཆེན་འདྲེན་བའི་ཤིང་རྟ་བཅས་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་སེར་མཛད་སྐབས་གྲྭ་གྲངས་༡༦༠སྐོར་ཡོད་པར་གསུངས།

language:
Tibetan