- gong rgyal dgon
- ID:
- T226578
- གོང་རྒྱལ་དགོན (Tibetan, Tibetan script, Original)
- > gong rgyal dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > gong gyal gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གསུམ་པའི་ས་གླང་སྤྱི་ལོ་ (༡༧༦༩) ལོར་སངས་རྒྱས་གླིང་པས་དགོན་ཆུང་ཞིག་བཏབས། རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ལོ་སྤྱི་ལོ་ (༡༨༨༥) ལོར་བྱ་བཏང་མཆོག་སྤྲུལ་བསྟན་པའི་ཉི་མ་དང་། གསང་སྔགས་གླིང་ཁྱུང་སྲས་གཡུང་དྲུང་ནོར་བུ་སོགས་ཀྱིས་དགོན་པ་རྒྱ་བསྐྱེད་གནང་། དགོན་པ་འདི་ཐོག་མར་བྱ་བཏང་བླ་རབས་དང་པོ་ནམ་མཁའ་རྒྱལ་མཚན་གྱིས་དར་ལོ་ཞེས་པའི་ས་ཆ་དེར་བཏབས། རྗེས་སུ་དགོན་པ་ཉམས་གུད་ཕྱིན། དེ་དགོན་ས་སྤོས་པ་ད་ལྟའི་གོང་རྒྱལ་དགོན་འདི་ཡིན་པར་བཤད། གྲུབ་མཐའ་བོན་པོ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད།
- language:
- Tibetan