Skip to main content Skip to search
gong ma khang shis
ID:
T226593
  • གོང་མ་ཁང་ཤིས (Tibetan, Tibetan script, Original)
    • > gong ma khang shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongma khang shi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(康熙)བོད་སྐད་དུ་བདེ་སྐྱིད་རྒྱལ་པོར་འབོད་པ་སྟེ། མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གཉིས་པ་དང༌། གོང་མ་ཧྲུན་ཀྲི་ལ་སྲས་མང་པོ་ཡོད་པའི་གསུམ་པ་ཡིན་ཅིང་མཚན་དངོས་ལ་ཤོན་ཡེ(玄烨)ཟེར། རབ་བྱུང་བཅུ་གཅིག་པའི་ཤིང་རྟ(༡༦༥༤ངཱ)ལོར་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་གླང(༡༦༦༡)ལོར་གོང་མ་ཧྲུན་ཀྲི་གཤེགས་པའི་ཉིན་གོང་མའི་ཁྲིར་འཁོད་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོ་བར་ལོ་དྲུག་ཅུ་རེ་གཅིག་རིང་སྲིད་དབང་བསྐྱངས་པས་ཀྲུང་གོའི་ལོ་རྒྱུས་ཐོག་གོང་མའི་ཁྲི་ལ་བཞུགས་ཡུན་རིང་ཤོས་ཤིག་ཡིན་ཅིང༌། ཁྲི་ལ་འཁོད་ནས་ལོ་གཉིས་པར་ཁྲི་ལོའི་མིང་ཁང་ཤིས་ཞེས་འབོད་པ་རྗེས་སུ་གོང་མའི་མཚན་དུ་ཆགས། ཐོག་མའི་ལོ་བརྒྱད་རིང་བློན་ཆེན་ཨོ་སའི་སོགས་བཞིས་སྲིད་འཛིན་གྱི་ལས་འགན་འཁུར། དགུང་ལོ་བཅུ་ལ་སླེབས་པ་ནས་རང་ཉིད་ངོ་མས་སྲིད་དབང་བཟུང་ཞིང༌། ལོ་དེར་བློན་ཆེན་ཨོ་སའི་འཛིན་བཟུང་གིས་སྲོག་ཐོག་བཏང༌། ཁྲི་ལོ་ཉི་ཤུ་པ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ(༡༦༨༡)ལོར་འུ་སན་ཀོའི་དང༌། ཧྲང་ཁ་ཤིས། ཀེང་ཅིས་མོ་བཅས་ཀྱིས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་དམག་འཁྲུག་བསླངས་པ་གཏོར་ཕམ་བཏང༌། ལོ་གཉིས་ཀྱི་རྗེས་ལ་ཐའི་དབན་གྱི་དབང་འཛིན་ཀྲིན་ཁྲེང་ཀུང(郑成功)གིས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་ཟིང་ཆ་བསླངས་པ་ཕམ་ཉེས་སུ་བཏང་སྟེ་ཆིང་རྒྱལ་རབས་ཀྱི་སྲིད་འཛིན་མངའ་ཁོངས་སུ་གཅིག་གྱུར་བྱས། ཁྲི་ལོ་ཉི་ཤུ་རྩ་བཞི་པ་རབ་བྱུང་བཅུ་གཅིག་པའི་ཤིང་གླང(༡༦༨༥)ལོར་རང་རྒྱལ་གྱིས་ཧེ་ལུང་ཅང་ཞིང་ཆེན་བཙན་བཟུང་བྱས་པའི་ཧྲ་ཧོང་ཨུ་རུ་སུའི་ཡ་ས་ཁའི་དམག་དཔུང་མཐར་སྐྲོད་བཏང་ནས་ཀྲུང་ཨུ་ཉི་པུ་ཁྲུའི་ཆིངས་ཡིག་བཞག་སྟེ་ཀྲུང་ཨུ་ཤར་ཕྱོགས་མཐའ་མཚམས་གཏན་ཁེལ་བྱུང༌། ཁྲི་ལོ་བཞི་བཅུ་པ་ལྕགས་སྦྲུལ(༡༧༠༡)ལོར་སོག་པོ་ཇུན་གར་གྱི་དབང་འཛིན་པ་སྐལ་ལྡན་བོ་ཤོག་ཐུས་ཁལ་ཁར་བཙན་འཛུལ་བྱུང་བར་བརྟེན། ཁལ་ཁ་རྗེ་བཙུན་དམ་པ་དང་ཁལ་ཁའི་དཔོན་རིགས་ཡོངས་རྫོགས་ནས་པེ་ཅིན་དུ་གོང་མ་ཁང་ཤིས་ལ་སྐྱབས་བཅོལ་ཞུས་པར། གོང་མ་ཁང་ཤིས་ཁལ་ཁའི་སྲུང་སྐྱོབ་ཆེད་དུ་དམག་དཔུང་བཏང་ནས་ཇུན་གར་གྱི་དམག་མཐར་སྐྲོད་བཏང༌། ཁྲི་ལོ་ང་དགུ་པ་ལྕགས་བྱི(༡༧༢༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་བོད་དུ་གདན་དྲངས་སྐབས་བོད་ས་གནས་སུ་ཇུན་གར་གྱིས་བཙན་བཟུང་བྱེད་མུས་ལ་བརྟེན་བདེ་འཇགས་སྲུང་སྐྱོབ་དང་ཕེབས་སྐྱེལ་ཆེད་རྒྱ་སོག་བོད་གསུམ་གྱི་བློན་ཆེན་དང༌། དམག་དཔོན། སྐུ་སྲུང་དམག་དཔུང་སྟོང་ཕྲག་ཁ་ཤས་བཅས་མངགས་ཏེ་ལྷ་སར་གདན་དྲངས་པ་སོགས་མེས་རྒྱལ་གོང་བུ་གཅིག་གྱུར་སྲ་བརྟན་དུ་གཏོང་བའི་ཞི་དྲག་གཉིས་ཀའི་མཛད་རྗེས་ཆེ་བར་གྲགས། གཞན་ཡང་རྒྱ་རིགས་ཀྱི་མཁས་དབང་མང་པོ་སྒྲིག་འཛུགས་ཐོག<<རྒྱ་ཡིག་ཚིག་མཛོད་ཆེན་མོ>>རྩོམ་སྒྲིག་གནང་བར་ཡོངས་གྲགས་སུ་ཁང་ཤིས་ཚིག་མཛོད<<康熙字典>>ཟེར་བ་དེ་ཡིན། རྒྱལ་ཡོངས་སུ་ཞིང་ལས་ཀོང་འཕེལ་དང༌། རྨ་ཆུ་ལེགས་བཅོས། ཆུ་ཐོག་གི་སྐྱེལ་འདྲེན་འཕེལ་རྒྱས་གཏོང་བ་སོགས་སྐུལ་ལྕག་ཆེན་པོ་གནང་འདུག གོང་མ་འདི་ལ་སྲས་སུམ་ཅུ་སོ་ལྔ་ཡོད་པའི་བཞི་པ་ནི་གོང་མ་ཡུང་ཀྲེང(雍正)ཡིན། སྲས་གཞན་དག་རྣམས་རྒྱལ་ཡོངས་ཀྱི་ས་གནས་གལ་ཆེ་ཁག་གི་འགོ་འཛིན་དུ་བསྐོས་ཡོད། ཁྲི་ལོ་དྲུག་ཅུ་རེ་གཅིག་བར་དུ་སྲིད་དབང་བསྐྱངས། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྟག(༡༧༢༢)ལོར་གློ་བུར་དུ་སྐུ་གཤེགས། འགའ་ཞིག་གིས་བློན་ཆེན་ལུང་ཁོ་ཏོས་བཀྲོངས་ཞེས་བཤད་སྲོལ་ཡང་འདུག སྐུ་ཕུང་གི་བང་སོ་ནི་ཅིང་ལིན་ཞེས་དེང་སང་གི་ཧོ་པེ་ཞིང་ཆེན་ཙུན་ཧཱ་རྫོང་གི་ནུབ་བྱང་ལེ་དབར་བདུན་ཅུའི་ས་ཁྲང་ཧུའི་རི་བོ་ལ་ཡོད། འདིའི་ལོ་རྒྱུས་གནད་བསྡུས<<ཀྲུང་གོ་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཀྱི་ཤོག་གྲངས༩༢༧ནས༩༣༡བར་ཡོད་པ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

བོད་སྐད་དུ་བདེ་སྐྱིད་རྒྱལ་པོར་འབོད་པ་སྟེ། མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གཉིས་པ་དང་། གོང་མ་ཧྲུན་ཀྲི་ལ་སྲས་མང་པོ་ཡོད་པའི་གསུམ་པ་ཡིན་ཅིང་མཚན་དངོས་ལ་ཤོན་ཡེ་ཟེར། རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ (༡༦༥༤) ལོར་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་གླང (༡༦༦༡) ལོར་གོང་མ་ཧྲུན་ཀྲི་གཤེགས་པའི་ཉིན་གོང་མའི་ཁྲིར་འཁོད་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང (༡༧༢༡) ལོ་བར་ལོ་དྲུག་ཅུ་རེ་གཅིག་རིང་སྲིད་དབང་བསྐྱངས་པས་ཀྲུང་གོའི་ལོ་རྒྱུས་ཐོག་གོང་མའི་ཁྲི་ལ་བཞུགས་ཡུན་རིང་ཤོས་ཡིག་ཡིན།

language:
Tibetan