- gong ma ca ching
- ID:
- T226594
- གོང་མ་ཅ་ཆིང (Tibetan, Tibetan script, Original)
- > gong ma ca ching (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma cha ching (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(嘉庆)ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་ལྔ་པ་ཡིན་ཅིང༌། ཁྲི་ལ་འཁོད་པའི་ཁྲི་ལོའི་མིང་ལ་ཅ་ཆིང་ཟེར་ཞིང་མིང་དངོས་ནི་ཡུང་ཡའན་ཟེར། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(༡༧༦༠)ལོར་འཁྲུངས། གོང་མ་ཆེན་ལུང་གི་སྲས་བཅོ་ལྔ་པ་ཡིན། གོང་མ་ཡབ་ཆེན་སྐུ་བཞུགས་དུས་ཁྲི་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་འྭབྲུག(༡༧༩༦)ལོར་སྲས་གོང་མའི་ཁྲིར་བསྐོ་གཞག་གནང་ཞིང༌། དེ་ནས་ལོ་ཉི་ཤུ་རྩ་ལྔ་བར་སྲིད་དབང་བཟུང༌། གོང་མ་ཡབ་ཆེན་བཞུགས་རིང་སྲིད་དོན་གལ་ཆེའི་རིགས་ཡབ་ཆེན་རང་གིས་ཐག་གཅོད་གནང་ཞིང༌། ཡབ་ཆེན་སྐུ་གཤེགས་རྗེས་རང་ཉིད་ཀྱིས་དངོས་སུ་སྲིད་དབང་བཟུང༌། དེའི་རིང་ས་ཞིང་མང་ཆེ་བ་དཔོན་ངན་དང༌། ས་བདག་ཆེན་པོའི་ལག་ཏུ་གཅིག་སྡུད་བྱས་པར་བརྟེན་ཞིང་པ་འབོར་ཆེན་ཁ་འཐོར་བ་དང༌། བྲོས་བྱོལ་སོང་ཞིང༌། ཆབ་སྲིད་ཐད་མན་ཆིང་སྲིད་གཞུང་ཉམས་རྒུད་དུ་སོང་བའི་འགོ་ཚུགས། ཁྲོན་ཕྲུའུ་པེ་ལན་ཅའོ་གྱེན་ལངས་བྱུང་སྟེ་ལོ་དགུའི་རིང་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་འཐབ་རྩོད་བྱས་ཤིང༌། དེའི་ནང་ཞིང༌པ་མི་གྲངས་ཁྲི་བཅུ་ལྷག་ཙམ་ཞུགས་པ་དང༌། ས་གནས་སི་ཁྲོན་དང༌། ཧུ་པེ། ཧྲའན་ཤིས། ཀན་སུའུ། ཧོ་ནན༌བཅས་ཞིང་ཆེན་ལྔ་ལ་ཁྱབ་པ་དེས་མན་ཆིང་སྲིད་གཞུང་ལ༌རྡུང་རྡེག་གནད་ལ་འཁེལ་བ་བཏང་ཞིང༌། གཞན་ཡང་གཞི་རྒྱ་ཆུང་བའི་གྱེན་ལངས་ཁ་ཤས་བྱུང༌། གོང་མ་རང་གི་དགུང་ལོ་དྲུག་ཅུ་རེ་གཅིག་པ་དང༌། ཁྲི་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག(༡༨༢༠)ལོར་རེ་ཧོ་ཞིང་ཆེན་གྱི་ཁྲེང་ཏེ་ཕོ་བྲང་དུ་འདས། བང་སོ་ནི་ཁྲང་ལིན(དེང་སང་ཧོ་པེ་ཞིང་ཆེན་གྱི་དབྱི་རྫོང་ནུབ་ཕྱོགས་ལེ་དབར་ལྔ་བཅུའི་ས་ཐའི་ཉིང་ཀྲེན་ཡུང་ཉིང)རི་བོའི་བང་སོའི་ནང་ཡོད། འདིའི་ལོ་རྒྱུས་གནད་བསྡུས<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཤོག་གྲངས་༩༤༢ནས༩༤༤བར་གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་ལྔ་པ་ཡིན་ཅིང་། ཁྲི་ལ་འཁོད་པའི་ཁྲི་ལོའི་མིང་ལ་ཅ་ཆིང་ཟེར་ཞིང་མིང་དངོས་ནི་ཡུང་ཡའན་ཟེར། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག (༡༧༩༦) ལོར་སྲས་གོང་མའི་བསྐོ་གཞག་གནང་ཞིང་། དེ་ནས་ལོ་ཉི་ཤུ་རྩ་ལྔ་བར་སྲིད་དབང་བཟུང་།
- language:
- Tibetan