Skip to main content Skip to search
gong ma ta'o kong
ID:
T226597
  • གོང་མ་ཏའོ་ཀོང (Tibetan, Tibetan script, Original)
    • > gong ma ta'o kong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongma ta o kong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(道光)ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་དྲུག་པ་དང༌། གོང་མ་ཅ་ཆིང་གི་སྲས་ཆུང་བ་ཡིན། རབ་བྱུང་བཅུ་གསུམ་པའི་ཆུ་སྟག་(༡༧༨༢)ལོར་འཁྲུངས། དགུང་ལོ་སུམ་ཅུ་སོ་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག(༡༨༢༠)ལོར་གོང་མའི་ཁྲིར་འཁོད། ཁྲི་ལ་འཁོད་པའི་ལོ་གཉིས་པར་ཁྲི་ལོའི་མིང་ཏའོ་ཀོང་ཞེས་མིང་བསྒྱུར་བྱས་པ་རྗེས་སུ་གོང་མའི་མཚན་དུ་གྱུར་ཞིང༌། མཚན་དངོས་མིན་ཉིང་ཟེར། གོང་མ་འདིས་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི(༡༨༥༠)ལོ་བར་ལོ་སུམ་ཅུའི་རིང་སྲིད་དབང་སྐྱོང་རིང་ཉལ་ཐ་འགོག་པའི་དམག་འཁྲུག་བྱུང་ཞིང་དེ་སྐབས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་སྟོབས་ཤུགས་ལ་འཇིགས་སྣང་སྐྱེས་ཏེ། ཕྱི་དགྲར་མགོ་སྒུར་དང༌། ནང་དུ་བཙན་རྒོལ་ཕྱོགས་ཁག་ལ་བཙན་གནོན་གྱི་སྲིད་ཇུས་ལག་ལེན་བསྟར་སྟེ།རྒྱལ་གཅེས་དཔོན་རིགས་ལིང་ཙི་ཞུལ་དང༌། ཏེང་ཐིང་ཀྲེན། ཡང་ཧྥང་སོགས་གོ་གནས་ཕབ་པ་དང༌། ཆིས་ཧྲན(འདི་བོད་བཞུགས་ཨམ་བན་ཆིས་ཧྲན་ཟེར་བ་ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་བོད་རྗེའི་སྲིད་སྐྱོང་གི་གོ་གནས་ཕབས་ནས་རྒྱལ་ནང་དུ་གནས་དབྱུང་གཏོང་མཁན་དེ་ཡིན)མུ་ཀྲང་ཨཱ་སོགས་མགོ་བཏགས་རིང་ལུགས་པར་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཏེ་རབ་བྱུང་བཅུ་བཞི་པའི་ལྕགས་གླང(༡༨༤༡)ལོར་དབྱིན་ཇི་དང་ཀྲུང་གོའི་བར<<ནན་ཅིན་ཆིངས་ཡིག>>བཞག་སྟེ་ཀྲུང་གོ་འདི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར། ཁྲི་ལོ་སུམ་ཅུ་པ་དང༌། རང་ལོ་དྲུག་ཅུ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི(༡༨༥༠)ལོར་ནད་མནར་གྱིས་པེ་ཅིན་ཡོན་མིན་ཡོན(圆明园)སྐྱེད་ཚལ་དུ་འདས་ཤིང༌། བང་སོ་ནི་མོ་ལིན(དེང་སང་ཧོ་པེ་ཞིང་ཆེན་དབྱི་རྫོང་གི་ནུབ་ཕྱོགས་ལེ་བར་ལྔ་བཅུའི་ཕྱི་རོལ་ཐའི་ཉིང་གྲོང་རྡལ་ཡུང་ཉིང)རི་བོའི་ལྡེབས་སུ་ཡོད། འདིའི་ལོ་རྒྱུས་གནད་བསྡུས<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཤོག་གྲངས༩༤༥ནས༩༤༧བར་ཡོད།

language:
Tibetan

2. Thupten Phuntsok Dictionary

ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་དྲུག་པ་དང་། གོང་མ་ཅ་ཆིང་གི་སྲས་ཆུང་བ་ཡིན། རབ་བྱུང་བཅུ་གསུམ་པའི་ཆུ་སྟག (༡༧༨༢) ལོར་འཁྲུངས། རང་ལོ་དྲུག་བཅུ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི (༡༨༥༠) ལོར་ནད་མནར་གྱིས་པེ་ཅིན་ཡོན་མན་ཡོན་སྐྱེད་ཚལ་དུ་འདས་སོ། །

language:
Tibetan