- gong ma thog the mur
- ID:
- T226598
- གོང་མ་ཐོག་ཐེ་མུར (Tibetan, Tibetan script, Original)
- > gong ma thog the mur (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma tok té mur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་གཅིག་པ་ཡིན་ཅིང༌། གོང་མ་འུ་ཙུང་ཧེ་ཧྲན(武宗海山)དང་བོད་སྐད་དུ་ཧེ་ཧྲན་ཁུ་ལུག་ཏུ་འབོད་པ་དེའི་བུ་ཆུང་བ་ཡིན། རབ་བྱུད་ལྔ་པའི་ཤིང་འབྲུག(༡༣༠༤)ལོར་འཁྲུངས། ཕ་རྒྱུད་ཀྱི་གཅེན་པོ་ཧྲོ་རྡི་པ་ལ་གཡིང་ཙུང(硕德八刺英宗)དང་མ་མཐུན་པའི་དབང་གིས་ཧོ་ནན་ཆིང་ཀྲའུ(དེང་སང་ཀོང་ཏུང་ཞིང་ཆེན་གྱི་ཆིང་ཧྲན་རྫོང)ལ་རྒྱང་འབུད་བཏང༌། རྗེས་སུ་ཕ་རྒྱུད་སྤུན་མཆེད་རྒན་པ་ཐའི་ཏི་ཡེ་སུན་ཐེའི་མུར་གྱིས་ཚུར་བཀུག་ནས་ཧོའི་ཝང་གི་གོ་གནས་གནང་སྟེ། ཅང་ལིན་(དེང་སང་གི་ཧུ་པེ་ཞིང་ཆེན་ཁོངས་ཅང་ལིན་རྫོང)རང་ལོ་ཉི་ཤུ་རྩ་ལྔ་པ་རབ་བྱུང་དྲུག་པའི་ས་འབྲུག(༡༣༢༨)ལོར་གོང་མའི་ཁྲིར་འཁོད་ནས་ཡོན་ཀྲེན(元贞)ལོ་གསུམ། ཏཱ་ཏེ(大德)ལོ་བཅུ་གཅིག་བཅས་བསྡོམས་པའི་ལོ་བཅུ་གསུམ་རིང་སྲིད་དབང་བཟུང༌། མིང་གཞན་ཨོལ་ཅེ་ཐུ་ཡང་ཟེར། ཁྲི་ལ་འཁོད་ནས་ལོ་གཉིས་པར་ཁྲི་ལོའི་མིང་ཡོན་ཀྲེན་ཞེས་བསྒྱུར། གོང་མ་འདིའི་དུས་སུ་ས་སྐྱའི་བླ་ཆེན་ཆོས་ཀྱི་འོད་ཟེར་གདན་དྲངས་ནས་སྔར་ས་སྐྱ་པཎ་ཆེན་གྱིས་གསར་གཏོད་གནང་བའི་སོག་ཡིག་ལ་ཡི་གེ་མཇུག་མ་ཅན་མང་པོ་ཁ་སྣོན་མཛད་པ་ཡིན་ཞེས་བོད་ཡིག་གི་ལོ་རྒྱུས་ཐོག་འཁོད་ཡོད་ཀྱང་ཕྱི་རབས་སོག་རིགས་ཀྱི་མཁས་དབང་རྣམ་པས་ལོ་རྒྱུས་འདི་ཞལ་གྱིས་མི་བཞེས་པར་སྣང༌། ཆིན་རྒྱལ་རབས་སྐབས་ཀྱི་རྒྱལ་ཐམ་བར་སྐབས་བརླག་བོར་སོང་བ་ཡང་ཁོང་གི་ཕྱག་ཏུ་སོན་ནས་ཆ་ཧར་རྒྱལ་བརྒྱུད་མཇུག་མ་རྫོགས་བར་དུ་སྲིད་ཐམ་དུ་བེད་སྤྱོད་བྱས། གོང་མ་འདི་ནང་བསྟན་ཆོས་ལུགས་ལ་དད་པ་ཆེ་བས་རི་བོ་རྩེ་ལྔར་ལྷ་ཁང་ཆེན་པོ་ཞིག་ཀྱང་བཞེངས། རྗེས་སུ་ཁོང་ཡུན་རིང་བསྙུན་གཞི་བཞེས་ནས་སྲིད་དོན་རྣམས་བློན་ཆེན་གྱིས་བསྐྱངས་ཏེ། རབ་བྱུང་ལྔ་པའི་མེ་ལུག(༡༣༤༧)ལོར་འདས། གཤེགས་སྐབས་དགུང་ལོ་ཞེ་གསུམ་ཡིན་ཅིང༌། བང་སོ་ནི་ཆའི་ཉན་མུ་དེང་སང་ནང་སོག་རང་སྐྱོང་ལྗོངས་ཀྱི་དབྱི་ཅིན་ཧུའུ་ལོ་ཆིས་ཨ་ཐེང་ལིའན་གྲོང་རྡལ་གྱི་ཤར་ལྷོ་ཕྱོགས་སུ་ཡོད། གོང་མ་འདི་ཡི་ལོ་རྒྱུས་མདོར་བསྡུས་ཙམ<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཤོག་གྲངས༨༤༠པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་གཅིག་པ་ཡིན་ཅིང་། གོང་མ་འུ་ཚུང་ཧེ་ཧྲན་དང་བོད་སྐད་དུ་ཧེ་ཧྲན་ཁུ་ལུག་ཏུ་འབོད་པ་དེའི་བུ་ཆུང་བ་ཡིན། རབ་བྱུང་ལྔ་པའི་ཤིང་འབྲུག (༡༣༠༤) ལོར་འཁྲུངས། རབ་བྱུང་ལྔ་པའི་མེ་ལུག (༡༣༤༧) ལོར་འདས།
- language:
- Tibetan