Skip to main content Skip to search
gong ma yung los
ID:
T226599
  • གོང་མ་ཡུང་ལོས (Tibetan, Tibetan script, Original)
    • > gong ma yung los (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gongma yung lö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(永乐)ཀྲུང་གོའི་མིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་ཡིན་ཅིང༌། གོང་མ་དང་པོ་ཀྲུའུ་ཡོན་ཀྲང(朱元璋)གི་སྲས་བཞི་པ་ཡིན། རབ་བྱུང་དྲུག་པའི་ལྕགས་བྱི(༡༣༦༠)ལོར་འཁྲུངས། དགུང་ལོ་ཞེ་བཞི་པ་རབ་བྱུང་བདུན་པའི་ཆུ་ལུག(༡༤༠༣)ལོར་གོང་མའི་ཁྲིར་འཁོད་ནས་ལོ་ཉི་ཤུ་རྩ་གཉིས་རིང་སྲིད་དབང་བཟུང་ཁྲི་ལོའི་མིང་ཡུང་ལོས་ཡིན་པས་དེ་ཡོངས་གྲགས་སུ་གོང་མའི་མཚན་དུ་འབོད་སྲོལ་ཆགས་ཤིང་མཚན་དངོས་ནི་ཀྲུའུ་ཏིས(朱棣)ཟེར། ཐོག་མའི་གོ་གནས་ཀྱི་མིང་ཡན་ཝང་ཡིན་ཅིང༌། པེ་ཧྥིང་སྟེ་དེང་སང་གི་པེ་ཅིན་ས་ཁུལ་གྱི་འགོ་འཛིན་དུ་བསྐོས། གོང་མའི་ཁྲི་ལ་འཁོད་ནས་ལོ་བདུན་པ་ས་གླང(༡༤༠༩)ལོར་བྱང་ཤར་གྱི་ས་ཁུལ་ཁག་མང་པོ་མངའ་འོག་ཏུ་བསྡུས་ཏེ་ཁོངས་གཏོགས་རྒྱལ་ཕྲན་གྱི་དམག་དཔུང་དབང་ཆ་མེད་པར་བཟོས་ཤིང༌། དམག་དཔུང་མངགས་ནས་ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ལྷག་འཕྲོར་རྡུང་རྡེག་བཏང་སྟེ། ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་སྲ་བརྟན་བཟོས། ཁྲི་ལོ་བཅུ་དགུ་པ་ལྕགས་གླང་(༡༤༢༡)ལོར་རྒྱལ་ས་ནན་ཅིན་ནས་པེ་ཅིན་དུ་སྤོས་ཤིང༌། འཛམ་གླིང་ཐོག་སྙན་གྲགས་ལྡན་པའི་ལེ་དབར་ཁྲི་ཕྲག་གི་ལྕགས་རི་རིང་པོ་འཛུགས་སྐྲུན་དང་<<ཡུང་ལོས་ཚིག་མཛོད་ཆེན་མོ>><<永乐大典>>རྩོམ་སྒྲིག་གི་སྒྲིག་འཛུགས་གནང༌། བ་བཅས་རང་རྒྱལ་འཕེལ་རྒྱས་དང་སྲུང་སྐྱོབ་ཐད་ལ་ཚད་ངེས་ཅན་གྱི་བྱས་རྗེས་ཆེན་པོ་བཞག་ཡོད། གོང་མ་ཡུང་ལོས་རང་ཉིད་ཀྱི་ཆབ་སྲིད་དབང་བསྒྱུར་འཕེལ་རྒྱས་གཏོང་ཆེད་བོད་ས་གནས་སུ་སྐབས་དེར་སྙན་གྲགས་ཆེ་བའི་ཀརྨ་བཀའ་བརྒྱུད་ཆོས་ལུགས་དང༌། གསར་དར་དགེ་ལྡན་པའི་ཆོས་ལུགས་སྟོབས་ཤུགས་བཅས་བེད་སྤྱད་ནས་ཁྲི་ལོ་ལྔ་པ་མེ་ཕག(༡༤༠༧)ལོར་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ནན་ཅིན་དུ་གདན་དྲངས་ཤིང༌། དེའི་ཕྱི་ལོ་ས་བྱི(༡༤༠༨)ལོར་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་པེ་ཅིན་དུ་གདན་དྲངས་སྟེ། མཐོང་བཟོས་གུས་བཀུར་ཆེན་པོ་ཞུས་ཤིང༌། གོང་མའི་བླ་མར་བསྔགས་པའི་འཇའ་ས་དང་ཐམ་ཀ་བཅས་ཕུལ་བའི་གནས་ཚུལ་དམ་པ་སོ་སོའི་ལོ་རྒྱུས་ཐད་གསལ་བ་ལྟར་ཡིན་ཅིང༌། ཕྱོགས་མཚུངས་ནང་བསྟན་མདོ་སྔགས་གཉིས་ཀྱི་སྲོལ་རྒྱུན་ཐང་ཀ་དང༌། མཆོད་ཆའི་རིགས་སོགས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པ་ལྟར་རྒྱ་རིགས་བཟོ་བོ་མཁས་པར་བཟོ་སྐྲུན་བྱེད་དུ་བཅུག་པ་དེ་ཚོའི་རྒྱུ་ཆ་དང༌། ཆ་ཚད། བཟོ་དབྱིབས་སོགས་གང་ཅིའི་ཐད་ལག་རྩལ་འགྲན་ཟླ་བྲལ་བ་ཡོད་པ་ནི་དེང་སང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་ལྟར་ཡིན་ཅིང༌། ཁྲི་ལོ་བརྒྱད་པ་ལྕགས་སྟག་(༡༤༡༠)ལོར་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་ཆ་ཚང་དཔར་བསྐྲུན་གནང་བ་དེ་ནི་བོད་ཡིག་བཀའ་འགྱུར་དཔར་སྐྲུན་གྱི་ཐོག་མ་ཡིན་པ་བཅས་ནང་བསྟན་ཆོས་ལུགས་གོང་འཕེལ་གཏོང་རྒྱུའི་ཐད་ལ་ཡང་མཛད་རྗེས་ཕུལ་དུ་བྱུང་བ་ཞིག་འཇོག་གནང་མཛད་ཡོད་པ་བཅས་ལེགས་ཕྱོགས་ཀྱི་ལོ་རྒྱུས་མདོར་བསྡུས་ཡིན། ཞིབ་པ་གཟིགས་པར་འདོད་ན<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཀྱི་ཤོག་གྲངས༨༧༣ནས༨༧༦བར་གསལ། ཁྲི་ལོ་ཉི་ཤུ་རྩ་གཉིས་པ་སྟེ་དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བདུན་པའི་ཤིང་འབྲུག(༡༤༢༤)ལོར་བྱང་འདུལ་དམག་འཁྲུག་གི་བཀོད་འདོམས་ལ་ཕེབས་ནས་ཕྱིར་ལོག་མཛད་པའི་ལམ་བར་དུ་བསྙུན་གཞི་བཞེས་ཏེ་སོག་ཡུལ་ཡུས་མུ་ཁྲོན་ཞེས་དེང་སང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏོ་ལོན་རྫོང་གི་ནུབ་བྱང་ཁུལ་དུ་སྐུ་གཤེགས། སྐུ་ཕུང་བང་སོ་ནི་ཁྲང་ལིན(དེང་སང་པེ་ཅིན་བྱང་རྒྱུད་ཁྲང་ཧྥིང་རྫོང་གི་ཧྲི་སན་ལིན)ལ་ཡོད།

language:
Tibetan

2. Thupten Phuntsok Dictionary

ཀྲུང་གོའི་མིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་ཡིན་ཅིང་། གོང་མ་དང་པོ་ཀྲུའུ་ཡོན་ཀྲང་གི་སྲས་བཞི་པ་ཡིན། རབ་བྱུང་དྲུག་པའི་ལྕགས་བྱི (༡༣༦༠) ལོར་འཁྲུངས། དགུང་ལོ་ཞེ་བཞི་པ་རབ་བྱུང་བདུན་པའི་ཆུ་ལུག (༡༤༠༣) ལོར་གོང་མའི་ཁྲིར་འཁོད་ནས་ལོ་ཉི་ཤུ་རྩ་གཉིས་རིང་སྲིད་དབང་བཟུང་། རབ་བྱུང་བདུན་པའི་ཤིང་འབྲུག (༡༤༢༤) ལོར་བྱང་འདུལ་དམག་འཁྲུག་གི་བཀོད་འདོམས་ལ་ཕེབས་ནས་ཕྱིར་ལོག་མཛད་པའི་ལམ་བར་དུ་བསྙུན་གཞི་བཞེས་ཏེ་སོག་ཡུལ་ཡུས་མུ་ཁྲོན་ཞེས་དེང་སང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏོ་ལོན་རྫོང་གི་ནུབ་བྱང་ཁུལ་དུ་སྐུ་གཤེགས།

language:
Tibetan