- gong ma shon thung
- ID:
- T226602
- གོང་མ་ཤོན་ཐུང (Tibetan, Tibetan script, Original)
- > gong ma shon thung (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma shön tung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(宣统)ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་པ་དང༌། ལོ་རྒྱུས་ཐོག་གི་གོང་མ་རིམ་བྱུང་གི་ཐ་མ་དེ་ཡིན། གོང་མ་ཏའོ་ཀོང(道光)གི་བུ་བརྒྱུད་ནས་བརྩིས་པའི་མི་རབས་བཞི་པ་ཡིན། རབ་བྱུང་བཅོ་ལྔ་པའི་མེ་རྟ(༡༩༠༦)ལོར་བཙས། ལོ་གསུམ་པ་ས་སྤྲེལ(༡༩༠༨)ལོར་གོང་མ་ཀོང་ཞུས་འདས། ཚབ་ཏུ་བཙུན་མོ་ཚི་ཤིས་ཐའི་ཧོའུ་ནས་བཀའ་ཕབ་ཏེ་གོང་མའི་ཁྲིར་བསྐོ་རྒྱུའི་གཏན་འཁེལ་བྱས་ནས་ཉི་མ་གཉིས་སོང་མཚམས་བཙུན་མོ་ཚི་ཤིས་ཐའི་ཧོའུ་འདས། དེ་ནས་ཟླ་ཕྱེད་སོང་མཚམས་ཤོན་ཐུང་གོང་མའི་ཁྲི་ལ་བཀོད། ཁྲི་ལ་འཁོད་ནས་ལོ་གཉིས་པར་ཁྲི་ལོའི་མིང་ཤོན་ཐུང་ཞེས་གཏན་འཁེལ་བྱས། ཁྲི་ལ་འཁོད་ནས་ལོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག(༡༩༡༡)ལོར་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྣེ་ཁྲིད་གནང་བའི་གསར་བརྗེས་མན་ཆིང་གོང་མའི་སྲིད་གཞུང་མགོ་རྟིང་བསློགས་ཏེ་ཀྲུང་གོའི་ལོ་རྒྱུས་ཐོག་ལོ་ཉིས་སྟོང་ལྷག་ཙམ་དབང་བསྒྱུར་བྱས་པའི་བཀས་བཀོད་བརྒྱུད་འཛིན་གོང་མའི་ལམ་ལུགས་མཇུག་བསྒྲིལ། དེ་ནས་ལོ་ངོ་བདུན་སོང་བའི་མེ་སྦྲུལ(༡༩༡༧)ལོར་ཀྲང་ཞུན་སོགས་གོང་སྲུང་ཕྱོགས་ཁག་གིས་དམག་དཔུང་འཁྲིད་དེ་གོང་མའི་རྒྱལ་རབས་སྲུང་སྐྱོབ་ཀྱི་མིང་ཁྱེར་ནས་གོང་མ་ཤོན་ཐུང་སླར་ཡང་ཁྲིར་བཀོད། དེ་ནས་ཟླ་བ་ལྔ་མ་སོང་ཙམ་ལ་ཧྥ་ཡུས་གཡང་གིས་ལོ་ཀྲང་ལིན་དཔུང་དམག་བཅས་པེ་ཅིན་དུ་བཏང་འབྱོར་བྱུང་བར་བརྟེན། གོང་མ་ཤོན་ཐུང་ཁྲི་ལས་ཕྱིར་འཐེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་གོང་མ་ཤོན་ཐུང་ཡང་རི་པིན་གྱི་གཞུང་ཚབ་ཁང་དུ་བྲོས་ཤིང༌། ཡུན་རིང་མ་སོང་བར་རི་པིན་གྱིས་ཐེན་ཅིན་དུ་སྲུང་སྐྱེལ་བྱས། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི(༡༩༣༤)ལོར་རི་པིན་བཙན་རྒྱལ་རིང་ལུགས་པས་གོང་མ་ཟུར་པ་ཤོན་ཐུང་དེ་མན་ཀྲོའུ་རྒྱལ་ཁབ(伪满州国)ཀྱི་སྲིད་འཛིན་རྒྱལ་པོར་བསྐོས་ནས་ལོ་མིང་ཏཱ་ཐུང(大同)ཟེར་བར་བསྒྱུར་ནས་མི་རིང་བར་རྒྱལ་ཁབ་ཀྱི་མིང་མན་ཀྲོའུ་གོང་མའི་རྒྱལ་ཁབ་ཟེར་བར་བསྒྱུར་ཞིང་ཤོན་ཐུང་ཡང་གོང་མ་ཡིན་པའི་གསལ་བསྒྲགས་བྱས་པ་དང༌། ཁྲི་ལོའི་མིང་ཁང་ཏེ(康德)ཟེར་བར་བསྒྱུར། རབ་བྱུང་བཅུ་དྲུག་པའི་ཤིང་བྱ(༡༩༤༥)ལོར་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དཔུང་དམག་རྣམས་ཕམ་ནས་མགོ་བཏགས་ཞུས་རྗེས། ཤོན་ཐུང་ཡང་སུའུ་ལེན་གྱི་དམག་དཔུང་གིས་བྱང་ཤར་ཧྲིན་ཡང་ནས་འཇུ་བཟུང་བྱས་ཏེ་སུའུ་ལེན་དུ་ཁྲིད་ཅིང་ལོ་ལྔ་སོང་རྗེས། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(༡༩༥༠)ལོར་སུའུ་ལེན་གྱི་ལྟ་སྐུལ་འོག་རང་རྒྱལ་དུ་ཕྱིར་ལོག་བྱས། དེ་ནས་ལོ་ངོ་བཅུའི་རིང་དམག་དོན་བཙོན་པའི་དོ་དམ་ཁང་དུ་སློབ་སྦྱོང་དང་བསྒྱུར་བཀོད་བྱས་ཤིང༌། ས་ཕག(༡༩༥༩)ལོར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་མཆོག་ནས་དམིགས་བསལ་བཀའ་རྒྱ་གནང་དོན་དུ། ཤོན་ཐུང་དེ་ཉིད་ལོ་བཅུ་རིང་བསྒྱུར་བཀོད་བྱས་པའི་རིང་ངལ་རྩོལ་དང་བསམ་བློའི་བསྒྱུར་བཀོད་ཀྱི་རྣམ་འགྱུར་ལེགས་པོ་ཡོད་པར་བརྟེན་གློད་བཀྲོལ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་སྟེ་གུ་ཡངས་ཐོབ། གུ་ཡངས་ཐོབ་པའི་ལོ་རྗེས་མ་དེར་པེ་ཅིན་རྩི་ཤིང་ལྡུམ་རའི་ནང་ལས་བགོས་གནང་བ་དང༌། ཤིང་འབྲུག(༡༩༦༤)ལོར་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞི་ཞིབ་འཇུག་ཁང་གི་ཞིབ་འཇུག་པར་ལས་བགོས་གནང་བ་མ་ཟད། རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཨུ་ཡོན་དུ་བསྐོ་གཞག་གནང༌། མེ་ལུག(༡༩༦༧)ལོར་ཁོང་ནད་མནར་སྐབས། ཙུང་ལི་ཀྲའོ་ཨེན་ལེ་མཆོག་ནས་ཞལ་པར་ཐོག་སེམས་གསོའི་འཚམས་འདྲི་གནང་བ་མ་ཟད། ཆབ་སྲིད་གྲོས་ཚོགས་ཀྱི་ལས་བྱེད་པ་དང༌། སྨན་ཁང་གི་སྨན་པར་ཁོང་ལ་ལྟ་སྐྱོང་སྨན་བཅོས་ལེགས་པར་བྱེད་དགོས་པའི་སྐུལ་ལྕག་གནང༌། འོན་ཀྱང་ནད་གཞིར་སྐྱོབ་ཐབས་གང་བྱས་ཀྱང་ནུས་པ་མ་ཐོན་པར་རང་ལོ་དྲུག་ཅུ་རེ་གཉིས་པ་མེ་ལུག(༡༩༦༧)ལོར་འདས། སྐུ་ཕུང་མེ་ལ་སྲེག་པའི་ཐལ་བ་རྣམས་གསར་བརྗེའི་དུར་སར་སྦས་ཡོད། ཁོང་ནི་འཛམ་གླིང་ཐོག་གི་གོང་མ་རིམ་བྱུང་དང་བསྡུར་ན་ཧ་ཅང་སྤྲོ་སྐྱིད་དང་ལྡན་པ་ཞིག་སྟེ། དཔེར་ན་ཧྥ་རན་སིའི་པོ་ཧྥང་རྒྱལ་རབས་ཀྱི་གོང་མ་ཐ་མ་ལུ་དབྱི་ཁྲི་རབས་བཅུ་དྲུག་པ་ནི་གསར་བརྗེའི་སྐབས་སྲང་ལམ་དུ་གྲོངས་པ་དང༌། དབྱིན་ཇིའི་ཕྲ་ལི་རྒྱལ་རབས་དང་པོ་སྲོག་ཐོག་ཏུ་བཏང་བ། ཧྲ་ཧོང་ཨུ་རུ་སུ་ཉི་ཀུ་ལ་ཁྲི་ཐོག་གཉིས་པ་ཡང་སུའུ་ལེན་གྱི་གསར་བརྗེའི་སྐབས་མེ་མདའ་རྒྱབ་ནས་སྲོག་ཐོག་ཏུ་བཏང་བ་བཅས་ལ་བལྟས་ན་ཀྲུང་གོའི་གོང་མ་ཐ་མ་ཤོན་ཐུང་ནི་སྤྲོ་སྐྱིད་ལྡན་པའི་ངང་ནས་འདས་པ་མ་ཟད། ཁོང་གི་ཉེ་འབྲེལ་རྣམས་ཀྱང་བློ་བདེ་བག་ཕེབས་ངང་དུ་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་པ་དང་། ལོ་རྒྱུས་ཐོག་གི་གོང་མ་རིམ་བྱུང་གི་ཐ་མ་དེ་ཡིན།
- language:
- Tibetan