Skip to main content Skip to search
gor zhib las khungs
ID:
T226659
  • གོར་ཞིབ་ལས་ཁུངས (Tibetan, Tibetan script, Original)
    • > gor zhib las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gor shyib lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་གསར་དུ་འཛུགས་གནང་མཛད་ཅིང༌། དོ་དམ་རྩེ་མགྲོན་གཅིག་དང༌། མི་དཔོན། ལས་བྱ་གཉེར་ཚང་དྲུང་ཡིག་གཅིག་བཅས་ཡོད། དེའི་ལས་འགན་གཙོ་བོ་ནི་ལྷ་སྡོད་གོར་ཁོངས་བལ་པོའི་ཚོང་རིགས་དང་ཁ་ཚ་ར་རྣམས་དང་བོད་མིའི་དབར་འཁྲུག་རྩོད་བྱུང་རིགས་ཞིབ་གཅོད་དང༌། གཞིས་ཆགས་ཁ་ཚ་རའི་སྡོད་ཁང་དང༌། ཟར། འོ་ལུང༌། གཉའ་སྐྱིད་རོང་གསུམ་བཅས་གོར་བོད་ས་འདྲེས་ཁག་ལ་ས་མིའི་རྩོད་གཞི་ཆེ་གྲས་བྱུང་མཚམས་ས་གནས་སོ་སོར་ཞིབ་གཅོད་མི་སྣ་གཏོང་དགོས་པ་དང༌། ལྷ་སར་གོར་ཞིབ་མི་སྣ་མགྲོན་མི(རྩེ་མགྲོན་དང་མི་དཔོན)སྦྲེལ་པོ་དང༌། གོརྴ་ཀབ་ཏན་བཅས་མཉམ་འཛོམས་གྲོས་བསྡུར་གྱི་ཐག་གཅོད་བྱེད་དགོས་པ་སོགས་རེད།

language:
Tibetan

2. Thupten Phuntsok Dictionary

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་གསར་དུ་འཛུགས་གནང་མཛད་ཅིང་། དོ་དམ་རྩེ་མགྲོན་གཅིག་བཅས་ཡོད། མི་དཔོན། ལས་བྱ་གཉེར་ཚང་དྲུང་ཡིག་གཅིག་བཅས་ཡོད། དེའི་ལས་འགན་གཙོ་བོ་ནི་ལྷ་སྡོད་གོར་ཁོངས་བལ་པོའི་ཚོང་རིགས་དང་ཁ་ཚ་ར་རྣམས་དང་བོད་མའི་དབར་འཁྲུག་རྩོད་བྱུང་རིགས་ཞིབ་གཅོད་དང་། གཞིས་ཆགས་ཁ་ཚ་རའི་སྡོད་ཁང་དང་། ཟར། འོ་ལུང་། གཉའ་སྐྱིད་རོང་གསུམ་བཅས་གོར་བོད་ས་འདྲེས་ཁག་ལ་ས་མིའི་རྫོད་གཞི་ཆེ་གྲས་བྱུང་མཚམས་ས་གནས་སོ་སོར་ཞིབ་གཅོད་མི་སྣ་གཏོང་དགོས་པ་དང་། ལྷ་ས་གོར་ཞིབ་མི་སྣ་མགྲོན་མི་ (རྩེ་མགྲོན་དང་མི་དཔོན) སྤྲེལ་པོ་དང་། གོཪྵ་ཀབ་ཏན་བཅས་མཉམ་འཛོམས་གྲོས་བསྡུར་གྱི་ཐག་གཅོད་བྱེད་དགོས་པ་སོགས་རེད།

language:
Tibetan