Skip to main content Skip to search
gos sku chen mo mthong ba don ldan
ID:
T226665
  • གོས་སྐུ་ཆེན་མོ་མཐོང་བ་དོན་ལྡན (Tibetan, Tibetan script, Original)
    • > gos sku chen mo mthong ba don ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > göku chenmo tongwa dönden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་རྩེ་ཆོས་རྒྱལ༌རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་པ་རབ་བྱུང་བདུན་པའི་ས་ཁྱི(༡༤༡༨)ལོར་བཞེངས་པའི་གོས་སྐུ་ཆེན་མོ་སྟེ་ཐང་ཀ་འདིའི་དབུས་སུ་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུའི་མཐོ་ཚད་ཁྲུ་བརྒྱད་ཅུ་སྟེ་འདོམ་ཉི་ཤུ(དེང་སང་གི་མི་གཟུགས་འབྲིང་ཚད་ཀྱི་འདོམ་གང་ལ་སྤྱི་ཁྲེ་གང་དང་སྐར་མ་བརྒྱད་ཅུ་ཡོད་པ་དེའི་དབང་དུ་བཏང་ན་ཐང་ཀའི་མེ་ལོང་གི་དབུས་སུ་ཡོད་པའི་ཐུབ་དབང་གི་སྐུའི་མཐོ་ཚད་སྤྱི་ཁྲེ་སུམ་ཅུ་སོ་དྲུག་ཡོད)ཐུབ་དབང་གི་མཐའ་བསྐོར་དུ་མཆོག་ཟུང་གཉིས་དང༌། བྱམས་པ། མར་མེ་མཛད། གནས་བརྟན་བཅུ་དྲུག འོག་ཕྱོགས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཅས་ཡོད་པའི་གོས་སྐུའི་མེ་ལོང་གོང་གཤམ་བཅས་བསྡོམས་པའི་རྩེ་ཁྲུ་བརྒྱ་དང་དགུ་བཅུ་གོ་དྲུག(མི་གཟུགས་འབྲིང་ཚད་ཀྱི་འདོམ་བཞི་བཅུ་ཞེ་དགུ་སྟེ་སྤྱི་ཁྲེ་བརྒྱད་ཅུ་གྱ་བརྒྱད་དང་སྐར་མ་ཉི་ཤུ)ཡོད་པ་ནི་བོད་ས་གནས་སུ་ཡོད་པའི་གོས་སྐུའི་ནང་ནས་ཆེ་ཤོས་ཡིན་པར་གྲགས་ཤིང༌།རྒྱུ་སོང་ལ་གོས་ཆེན་སྣ་ཚོགས་ཡུག་བརྒྱ་དང་ལྔ་བཅུ་ཙམ་སོང་བ་དང༌བཟོ་པ་སུམ་ཅུ་སོ་བདུན་གྱིས་ཞག་ཉི་ཤུ་རྩ་བདུན་རིང་བཟོ་སྐྲུན་བྱས་ཚུལ<<རབ་བརྟན་ཀུན་བཟང་གི་རྣམ་ཐར>>ལས་གསལ།

language:
Tibetan

2. Thupten Phuntsok Dictionary

རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་པ་རབ་བྱུང་བདུན་པའི་ས་ཁྱི (༡༤༡༨) ལོར་བཞེངས་པའི་གོས་སྐུ་ཆེན་མོ་སྟེ་ཐང་ཀ་འདིའི་དབུས་སུ་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུའི་མཐོ་ཚད་ཁྲུ་བརྒྱད་ཅུ་སྟེ་འདོམ་ཉི་ཤུ་ (དེང་སང་གི་མི་གཟུགས་འབྲིང་ཚད་ཀྱི་འདོམ་གང་ལ་སྤྱི་ཁྲེ་གང་དང་སྐར་མ་བརྒྱད་ཅུ་ཡོད་པ་དེའི་དབང་དུ་བཏང་ན་ཐང་ཀའི་མེ་ལོང་གི་དབུས་སུ་ཡོད་པའི་ཐུབ་དབང་གི་སྐུའི་མཐོ་ཚད་སྤྱི་ཁྲེ་སུམ་ཅུ་སོ་དྲུག་ཡོད) ཐུབ་དབང་གི་མཐའ་བསྐོར་དུ་མཆོག་ཟུང་གཉིས་དང་། བྱམས་པ། མར་མེ་མཛད། གནས་བརྟན་བཅུ་དྲུག འོག་ཕྱོགས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཅས་ཡོད་པའི་གོས་སྐུའི་མེ་ལོང་གོང་གཤམ་བཅས་བསྡོམས་པའི་རྩེ་ཁྲུ་བརྒྱ་དང་དགུ་བཅུ་གོ་དྲུག (མི་གཟུགས་འབྲིང་ཚད་ཀྱི་འདོམ་བཞི་བཅུ་ཞེ་དགུ་སྟེ། སྤྱི་ཁྲེ་བརྒྱད་ཅུ་གྱ་བརྒྱད་དང་སྐར་མ་ཉི་ཤུ) ཡོད་པ་ནི་བོད་ས་གནས་སུ་ཡོད་པའི་གོས་སྐུའི་ནང་ནས་ཆེ་ཤོས་ཡིན་པར་གྲགས་ཤིང་། རྒྱུ་སོང་ལ་གོས་ཆེན་སྣ་ཚོགས་ཡུག་བརྒྱ་དང་ལྔ་བཅུ་ཙམ་སོང་བ་དང་། བཟོ་པ་སུམ་ཅུ་སོ་བདུན་གྱིས་ཞག་ཉི་ཤུ་རྩ་བདུན་རིང་བཟོ་སྐྲུན་བྱས།

language:
Tibetan
Tibetan Event: