- gos brtag pa
- ID:
- T226672
- གོས་བརྟག་པ (Tibetan, Tibetan script, Original)
- > gos brtag pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gö takpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་རྒྱ་གར་དང༌། རྒྱ་ནག ཁ་ཆེ། ཏཱ་སིག་སོགས་ནས་ཐོན་པའི་རས་དང་གོས་ཆེན་རིགས་སྣ་ཚོགས་ཀྱི་ཐོན་ཁུངས་དང༌། རྒྱུ་ཆ། རི་མོ་སོགས་ལ་ཞིབ་འཇུག་བྱ་ཐབས་ཤིག་ཡིན། དཔེར་ན། རང་རྒྱལ་དུ་མཚོན་ན། དེང་སང་དགོན་སྡེ་དང༌། ལྷ་ཁང་གི་གནའ་ཤུལ་ལྷག་བསྡད་འགའ་ཞིག་ནང་གནམ་རྒྱན་དང༌། ཀ་འཕན། ཐང་ཀའི་གོང་གཤམ་སོགས་ལ་ཡོན་རྒྱལ་རབས་ཀྱི་སྐབས་ཐོན་པའི་ཏཱ་ཧུན(བཏགས་ཞུན)རྒྱན་བཞི། ཁ་ཐི། ཏིང་ཕོན་སོགས་དང༌། མིང་རྒྱལ་རབས་སྐབས་ཀྱི་ཏཱ་ཞུན། ཐོན་ཐི། རྒྱན་བཞི་འབྲུག་ཆེན། མང་ནོག་སོགས་དང༌། མན་ཆིང་སྐབས་ཡོན་གྱི་གོས་ཆེན་ལ་འདྲ་བཟོ་བྱས་པའི་རྒྱན་བཞི་དང༌། ཏཱ་ཧུན། ཁ་ཐི། ཐོན་ཐི་སོགས་དང༌། གསར་བཟོས་ལྕོག་ཁེབས། པདྨ་གསང་ལམ། རྡོ་རྗེ་གསང་ལམ། པདྨ་རྒྱ་བྱ། རྒྱན་བཞི་འབྲུག་ཆུང༌། མ་ནུ་འབྲུག་ཆུང༌། སེའུ། ཅོན་ཏན། རྒྱ་འདྲ། རྒྱ་སེ་སོགས་སྣ་ཚོགས་ཡོད་པ་དེ་དག་ཐོན་གསར་རྙིང་དང༌། སྤུས་ཚད་བཅས་དངོས་པོ་དང་འདྲ་བཟོའི་ཁྱད་པར་རྣམས་བརྟག་པ་བྱེད་རྒྱུ་ཡོད་ཅིང༌། རྩེ་པོ་ཏ་ལའི་ཕོ་བྲང་དམར་པོའི་ལྷ་ཁང་ཁག་གི་མཆོད་རྫས་དང༌། གནམ་རྒྱན། བཀའ་བསྟན་འགྱུར་གྱི་གདོང་དར། སྐུ་ཐང་ཁག་གི་གོང་གཤམ་བཅས་ལ་གོང་གསལ་གྱི་གོས་ཆེན་ཕལ་ཆེ་བ་ཡོད་ཅེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི<<གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག>>ནང་གསལ་བ་ལྟར་དེང་སང་ཡང་མ་ཉམས་པར་ཡོད་སྐད།
- language:
- Tibetan
2. Thupten Phuntsok Dictionary
འདི་ནི་རྒྱ་གར་དང་། རྒྱ་ནག ཁ་ཆེ། ཏཱ་ཟིག་སོགས་ནས་ཐོན་པའི་རས་དང་གོས་ཆེན་རིགས་སྣ་ཚོགས་ཀྱི་ཐོན་ཁུངས་དང་། རྒྱུ་ཆ། རི་མོ་སོགས་ལ་ཞིབ་འཇུག་བྱ་ཐབས་ཤིག་ཡིན། དཔེར་ན། རང་རྒྱལ་དུ་མཚོན་ན། དེང་སང་དགོན་སྡེ་དང་། ལྷ་ཁང་གི་གནའ་ཤུལ་ལྷག་བསྡད་ཡོད་པ་འགའ་ཞིག་གི་ནང་གནམ་རྒྱན་དང་། ཀ་འཕན། ཐང་ཀའི་གོང་གཤམ་སོགས་ལ་ཡོན་རྒྱལ་རབས་ཀྱི་སྐབས་ཐོན་པའི་ཏཱ་ཧུན (བཏགས་ཞུན) རྒྱན་བཞི། ཁ་ཐི། ཏིང་ཕོན་སོགས་དང་། མིང་རྒྱལ་རབས་སྐབས་ཀྱི་ཏཱ་ཞུན། ཐོན་ཐི། རྒྱན་བཞི་འབྲུག་ཆེན། མང་ནོག་སོགས་དང་། མན་ཆིང་སྐབས་ཡོན་གྱི་གོས་ཆེན་ལ་འདྲ་བཟོ་བྱས་པའི་རྒྱན་བཞི་དང་། ཏཱ་ཁ་ཐི། ཐོན་ཐི་སོགསདང་། གསར་བཟོས་ལྕོག་ཁེབས། པདྨ་གསང་ལམ། རྡོ་རྗེ་སྲང་ལམ། པདྨ་རྒྱ་བྱ། རྒྱན་བཞི་འབྲུག་ཆུང་། མ་ནུ་འབྲུག་ཆུང་། སེའུ། ཅོན་ཏན། རྒྱ་འདྲ། རྒྱ་སེ་སོགས་སྣ་ཚོགས་ཡོད་པ་དེ་དག་ཐོན་གསར་རྙིང་དང་། སྤུས་ཚད་བཅས་དངོས་པོ་དང་འདྲ་བཟོའི་ཁྱད་པར་རྣམས་བརྟག་པ་བྱེད་རྒྱུ་ཡོད་ཅིང་། རྩེ་པོ་ཏ་ལའི་ཕོ་བྲང་དམར་པོའི་ལྷ་ཁང་ཁག་གི་གོང་གཤམ་བཅས་ལ་གོང་གསལ་གྱི་གོས་ཆེན་ཕལ་ཆེ་བ་ཡོད།
- language:
- Tibetan