- gos bzo ba
- ID:
- T226680
- གོས་བཟོ་བ (Tibetan, Tibetan script, Original)
- > gos bzo ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > gö zowa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྱིར་བཏང་ཡོངས་གྲགས་སུ་གོས་བཟོ་བ་ཞེས་པའི་མིང་དེ་ཐོས་པ་ཙམ་གྱིས་གྱོན་གོས་བཟོ་འཚེམ་བྱེད་མཁན་གྱི་བཟོ་པ་ལག་རྩལ་པར་གོ་བ་ལེན་གྱི་ཡོད་དགོས་པ་ལྟ་བུ་སྣང་ཡང་དོན་དུ་དེའི་ནང་གོས་ཆེན་གྱི་རིགས་སྣ་ཆོགས་དྲས་དྲུབ་ཀྱི་ཐང་ཀ་དང༌། ཡོལ་བ། དྲ་ཕྱེད། མཆོད་རྫས། གྱོན་གོས་བཅས་བཟོ་འཚེམ་དང་དྲས་དྲུབ་བྱེད་མཁན་གྱི་ལག་རྩལ་མི་སྣ་ཡང་ཚུད་ཡོད་ཅིང༌། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་གསལ་བ་ལྟར་ན། སྔར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་ཝེན་ཁྲིན་ཀོང་ཇོ་བཙུན་མོར་ཕེབས་སྐབས།གོང་མ་ཐང་ཐའི་ཙུང་གིས་སྲོང་བཙན་སྒམ་པོར་ཕྱག་རྟགས་སུ་ཕུལ་བའི་གོས་ཆེན་གྱི་ན་བཟའ་དང༌བཞུགས་སྟན། བེར་ཆེན་བཅས་བོད་དུ་ཐོག་མར་འཔྱོར་བ་ནས་བོད་ཀྱི་རྒྱལ་བློན་རྣམས་གོས་ཆེན་དྲས་དྲུབ་ཀྱིས་བཟོས་པའི་ན་བཟའ་གྱོན་པའི་དར་སྲོལ་ཆགས་ཤིང༌། དེའི་བཟོ་དབྱིབས་ནི། ཏ་སིག་རྒྱལ་ཁབ(དབྱི་རན)དང་ཨ་རབ་རྒྱལ་ཁབ་ཀྱི་གྱོན་གོས་དང་འདྲ་བར་བཤད། ཡོན་རྒྱལ་རབས་སྐབས་ས་སྐྱའི་བླ་དཔོན་རྣམས་དང༌། མིང་རྒྱལ་རབས་སྐབས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང༌། ཕག་གྲུ་སྡེ་སྲིད། དགེ་ལུགས་ཀྱི་བླ་ཆེན། འབྲི་གུང་དང་ཚལ་པའི་དཔོན་ཆེན་སོགས་ཀྱང་ནང་སོག་རིགས་དང་རྒྱ་རིགསཀྱི་དཔོན་ཆེན་ཚོའི་ཆས་དང་དབྱིབས་འདྲ་བའི་གྱོན་གོས་དར་སྲོལ་ཆེ་བ་མ་ཟད། དགོན་སྡེ་ཆེ་བ་ཚོའི་ནང་གོས་སྐུ་དང༌། ཀ་འཕན། དྲ་བ་དྲ་ཕྱེད། མཆོད་རྫས། འཆམ་གོས་བཅས་གཅིག་ལ་གཅིག་འགྲན་གྱི་བཟོ་འཚེམ་དར་རྒྱས་ཆེ་བ་བྱུང༌། གོས་སྐུ་བཞེངས་པའི་སྔ་ཤོས་ནི་རབ་བྱུང་བདུན་པའི་ས་བྱི་(༡༤༠༨)ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་བཞེངས་པའི་གོས་སྐུ་མཐོང་བ་དོན་ལྡན་ཞེས་པ་བོད་ལུགས་ཀྱི་ཐོག་ཚད་ཆེ་བ་བདུན་ཙམ་གྱི་མཐོ་ཚད་དང༌། ཞེང་ཚད་འདོམ་ལྔ་སྟེ། མི་གཟུགས་འབྲིང་ཚད་ཀྱི་འདོམ་རེ་ལ་སྤྱི་སྐར་བརྒྱ་དང་བརྒྱད་ཅུ་རེ་བརྩིས་པའི་སྤྱི་ཁྲེ་དགུའི་ཚད་ཙམ་ཡོད། གོས་ཆེན་ལས་བཟོས་པའི་ཡོལ་བ་འཚེམ་དྲུབ་མ་སྔ་ཤོས་ནི་རབ་བྱུང་བརྒྱད་པའི་ལྕགས་བྱི་(༡༤༨༠)ལོ་ནས་རབ་བྱུང་དགུ་པའི་ཆུ་སྤྲེལ(༡༥༡༢)ལོ་བར་སྡེ་པ་རིན་སྤུངས་པས་དབུས་གཙང་གི་སྲིད་དབང་བཟུང་སྐབས་རིན་སྤུངས་མཁས་དབང་ངག་དབང་འཇིགས་གྲགས་ཀྱིས་ཞལ་བཀོད་གནང་ནས་བཞེངས་པའི་རིགས་ལྡན་ཡོལ་བ་ཞེས་ཤམ་ལྷ་ལའི་རིགས་ལྡན་རྒྱལ་པོ་ཉི་ཤུ་རྩ་ལྔའི་སྐུ་ཡོད་པའི་གོས་ཡོལ་སྐད་གྲགས་ཅན་ཞིག་ཡོད་པ་དེ་ཡིན་ཅིང༌། ཡོལ་བ་དེ་གཙང་པ་རྒྱལ་པོས་རིན་སྤུངས་པའི་སྲིད་དབང་གཏོར་རྗེས་གཞིས་ཀ་བསམ་འགྲུབ་རྩེར་བླངས་པ་དང༌། རྗེས་སུ་གུ་ཤི་ཧན་གྱིས་གཙང་པ་རྒྱལ་པོའི་སྲིད་དབང་གཏོར་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེར་ཕུལ་བ་དང༌། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གདན་ས་གསུམ་ལ་ཆིབས་བསྒྱུར་མཛད་སྒོའི་སྐབས་འགྲེམས་སྲོལ་ཡོད་འདུག་པ་དེ་བཞིན་དེང་སང་པོ་ཏ་ལའི་མཛོད་ཁང་དུ་ཡོད་པར་གྲགས། དེའི་མཐོ་ཚད་བོད་ལུགས་ཀྱི་ཐོག་ཚད་གཉིས་ཙམ། ཞེང་ཚད་གླིང་གསུམ་བསྡོམས་པར་ཁང་པ་ཀ་བ་ཉི་ཤུའི་རྒྱ་ཁྱོན་ཁེབས་ཐུབ་པ་ཞིག་འདུག་པ་ཁོ་བོ་རང་གིས་དངོས་སུ་མཐོང་ཞིང༌། དེའི་བཟོ་བཀོད་དང༌། སྤུས་ཚད་འགྲན་ཟླ་མེད།དེ་མིན་གོས་ཆེན་དྲས་དྲུབས་ཀྱིས་བཟོས་པའི་སངས་་་་རྒྱས་སུམ་ཅུ་སོ་ལྔའི་དྲ་ཕྱེད་དང༌། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག དགེ་བསྙེན། ཧ་ཤང༌། རྒྱལ་ཆེན་བཞི་བཅས་ཡོད་པའི་དྲ་ཕྱེད། སྲུང་མ་ཁག་གི་བསྐང་རྫས་ཆ་ཚང་ཡོད་པའི་དྲ་ཕྱེད་བཅས་བཟོ་བཀོད་ཕུན་སུམ་ཚོགས་པ་། གནའ་རབས་ཀྱི་དགོན་སྡེ་ཆེ་ཁག་གྲགས་པ་ཅན་ཚོར་མཐོང་རྒྱུ་ཡོད་པ་ལྟ་བུ། པོ་ཏ་ལའི་ལྷ་ཁང་ཁག་གི་མཆོད་རྫས་དང༌། བཀའ་འགྱུར་བསྟན་འགྱུར་གྱི་ཞལ་ཁེབས། ཐང་ཀའི་གོང་གཤམ། གོས་སྐུ་བཅས་ལ་ཡོན་དང༌། མིང༌། ཆིང་བཅས་ཀྱི་སྐབས་ཐོན་པའི་གོས་ཆེན་རིགས་སུམ་བརྒྱ་ལྷག་གི་མིང་དང་ཚོས་གཞི་སྤུས་ཚད་གསར་རྙིང་སོགས་ཞིབ་ཙམ<<གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག>>ནང་གསལ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གོས་བཟོའི་ལག་རྩལ་མཁས་པ་ཡོད་ཚད་བསྡུས་པའི་ནང་རིམ་པ་གསུམ་དུ་ཕྱེ་ནས་རིམ་པ་དང་པོ་དབུ་ཆེན(ར་རྩ་ཤ་ག་བསོད་ནམས)མི་གཅིག རིམ་པ་གཉིས་པ་དབུ་ཆུང་(གཞིས་རྩེ་དགེ་བསྙེན་རྡོ་རྗེ་སོགས)མི་གྲངས་བརྒྱད། རིམ་པ་གསུམ་པ་བྱིངས་དང་དཀྱུས་གྲས(གཞིས་རྩེ་བློ་བཟང་སོགས)མི་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྤྱིར་བཏང་ཡོངས་གྲགས་སུ་གོས་བཟོ་བ་ཞེས་པའི་མིང་དེ་ཐོས་པ་ཙམ་གྱིས་གྱོན་གོས་བཟོ་འཚེམ་བྱེད་མཁན་གྱི་ལག་རྩལ་པར་གོ་བ་ལེན་གྱི་ཡོད་དགོས་པ་ལྟ་བུ་སྣང་ཡང་དོན་དུ་དེའི་ནང་གོས་ཆེན་གྱི་རིགས་སྣ་ཚོགས་དྲས་དུབ་ཀྱི་ཐང་ཀ་དང་། ཡོག་བ། དྲ་ཕྱེད། མཆོད་རྫས། གྱོན་གོས་བཅས་བཟོ་འཚེམ་དང་དྲས་དྲུབ་མཁན་གྱི་ལག་རྩལ་མི་སྣ་ཡང་ཚུད་ཡོད་དོ། །
- language:
- Tibetan
3. Negi Tibetan-Sanskrit Dictionary
= ཚེམ་བུ་བ saucikaḥ, tunnavāyaḥ — tunnavāyastu saucikaḥ a.ko.2.10.6.
- language:
- Sanskrit