Skip to main content Skip to search
gos lo tsA ba chos 'grub
ID:
T226684
  • གོས་ལོ་ཙཱ་བ་ཆོས་འགྲུབ (Tibetan, Tibetan script, Original)
    • > gos lo tsA ba chos 'grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gö lotsawa chö drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་རྒྱལ་ཁྲི་རལ་པ་ཅན་གྱི་སྐྲུ་དུས་སུ་བྱོན་པའི་བོད་རིགས་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཞིང་ལོ་ཙཱ་བ་འདི་ཉིད་ཀྱིས<<མདོ་དཀོན་མཆོག་བརྩེགས་པ་ལས་འཕགས་པ་གོ་ཆའི་བཀོད་པ་བསྟན་པ>>ཞེས་པ་དང༌། <<ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོ>>ཞེས་པ། <<མཛངས་བླུན་ཞེས་བྱ་བའི་མདོ>><<འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་པའི་མདོ>>སོགས་མདོ་ཁག་མང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཅིང༌། བོད་ཡིག་གི་མདོ་སྡེ་ཁག་མང་རྒྱ་ཡིག་ཏུ་བསྒྱུར་པ་མ་ཟད། རྒྱ་བོད་ཀྱི་ས་མཚམས་སུ་ཕེབས་ནས་ལོ་ཉི་ཤུ་ལྷག་ཙམ་རིང་ལ་དམ་ཆོས་འཆད་རྩོམ་གྱི་འཕྲིན་ལས་རྒྱ་ཆེ་སྤེལ་གནང་མཛད།

language:
Tibetan

2. Thupten Phuntsok Dictionary

བོད་རྒྱལ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་བྱོན་པའི་བོད་རིགས་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཞིང་། ལོ་ཙཱ་བ་འདི་ཉིད་ཀྱིས་མདོ་དཀོན་མཆོག་བརྩེགས་པ་ལས་འཕགས་པ་གོ་ཆའི་བཀོད་པ་བསྟན་པ་ཞེས་པ་དང་། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་པོད་ཞེས་པ། མཛངས་བླུན་ཞེས་བྱ་བའི་མདོ》འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་པའི་མདོ》སོགས་མདོ་ཁག་མང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པ་མ་ཟད། རྒྱ་བོད་ཀྱི་ས་མཚམས་སུ་ཕེབས་ནས་ལོ་ཉི་ཤུ་ལྷག་ཙམ་རིང་ལ་དམ་ཆོས་འཆད་རྩོམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་གནང་མཛད།

language:
Tibetan