Skip to main content Skip to search
gyang thog mar phor khyer ba'i gtam rgyud
ID:
T226704
  • གྱང་ཐོག་མར་ཕོར་ཁྱེར་བའི་གཏམ་རྒྱུད (Tibetan, Tibetan script, Original)
    • > gyang thog mar phor khyer ba'i gtam rgyud (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyang tokmar por khyerwé tam gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྨན་པས་ནད་པ་གསོ་བའི་སྐབས་སུ་ལེ་ལོ་དང་། ཕྱི་བཤོལ་སོགས་བྱ་བ་གཞན་གྱིས་བར་མ་ཆོད་པར་དེ་ཁོ་ན་ལ་རིག་པ་རྩེ་གཅིག་ཏུ་སྒྲིམ་དགོས་པའི་དཔེ་དོན་སྦྱར་བའི་གཏམ་རྒྱུད་ཅིག་སྟེ། མདོ་ལས་འཕགས་པ་ཀ་ཏྱ་ན་དང་། རྒྱལ་པོ་རབ་སྣང་གི་གཏམ་རྒྱུད་ལས་བཤད་པ་དང་། ཚད་མའི་གཏམ་རྒྱུད་དུ། སྔོན་སློབ་དཔོན་ཆོས་ཀྱི་གྲགས་པས། ཚད་མའི་བསྟན་བཅོས་རྩོམ་པའི་སྦྱིན་བདག་འཚོལ་དུ་ཕྱིན་པས། རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲུང་དུ་སླེབས་པ་ལས། དེར་འཁར་བ་ལ་ཨོཾ་ཚུགས་བྱས་ཏེ་བཞུགས་པ་རྒྱལ་པོས་གཟིགས་པས། འདུག་ཚུལ་གྱི་ཁེངས་པ་ཅན་ཞིག་འདུག་པས་བློན་པོ་ལ་ཡོན་ཏན་འོད་ཡིན་ནམ་སྙམ་ནས་འདྲིར་བཏང་བས་དྲུང་དུ་ཕྱིན་ཏེ། བློན་པོས་ཁྱེད་ཡོན་ཏན་འོད་ཡིན་ནམ་སྨྲས་ཚེ། དེ་ན་རེ། རྒྱལ་པོས་མཁས་པར་ཆོས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་དེ། ཞེས་པ་ཙམ་ལས་ལན་མ་བྱུང་། འོ་ན་སུ་མཁས་དྲིས་པས། བསྟན་བཅོས་རྣམས་ཀྱི་པོད་གཅིག་ལ། མཁས་པ་བློ་གྲོས་བརྟན་པ་ཡིན། ཞེས་མངོན་པ་ལ་སློབ་དཔོན་བློ་གྲོས་བརྟན་པ་མཁས་པ་ཙམ་དུ་གསུངས་པ་ལས། ཕོ་ཉ་དེས། འདི་ན་རྒྱལ་པོ་ཀུན་ཏུ་རྒྱས་པ་བྱ་བ་ཡོད། སློབ་དཔོན་མཁས་པ་དཔའ་བོ་དང་། ཙན་ཏྲ་གོ་མི་བྱ་བ་ཡོད་ཅེས་གླེང་བས། སློབ་དཔོན་ན་རེ། མེ་ཏོག་ཀུན་ཏུ་རྒྱས་པར་འབྱོར་པ་ཆེ། །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཙན་ཏྲ་གོ་མི་བརྗོད་པ་རྣམ་པར་དག །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པ་ལས། ཕོ་ཉ་བ་དེས། འོ་ན་དྷརྨ་ཀིརྟི་ཡིན་ནམ་ཞེས་དྲིས་པས། དེ་ལྟར་དུའང་གྲགས་སོ་ཞེས་གསུངས་བྱུང་བས་ཆོས་ཀྱི་གྲགས་པ་ཡིན་པར་ངོ་ཤེས་ནས་ནང་དུ་གདན་དྲངས་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་རྣམ་འགྲེལ་རྩོམ་ཞིང་བཞུགས་པ་ལ། བཙུན་མོས་རྒྱུན་དུ་གསོལ་སྐྱེལ་བས་སློབ་དཔོན་གྱིས་རྩོམ་པའི་ཚིག་དོན་ལ་དབང་པོ་སྒྲིམས་པས་སྐྱེལ་མི་ལ་མ་གཟིགས་པར་མཚམས་སུ་གསོལ་བ་མཛད་རྗེས་བཙུན་མོས་སྔར་ལྟར་གསོལ་བ་ཞུས་པ་ལ། ངས་ནག་མོས་བྱིན་པའི་ཟས་ཟ་མེད། ཅེས་གསུངས་པས། རྒྱལ་པོ་དོགས་པ་སྐྱེས་པ་ལས་སློབ་དཔོན་གྱིས་དོགས་པ་བསལ་བའི་ཕྱིར་དུ་རྒྱལ་པོ་ལ་བསླབས་ཏེ། ཕོ་བྲང་གི་ཕྱི་ཁྱམས་སུ་ལྟད་མོ་བ་མང་དུ་བསགས། ནང་དུ་འདག་ཡོན་ཅི་འདོད་པས་བསྐངས་ཏེ་མི་ཞིག་ལ་ཕོར་པ་མར་ཁུས་བཀང་བ་ཞིག་གཏད་དེ་འདི་ཉིད་གྱང་འདིའི་ཐོག་ཏུ་ཁྱེར་ནས་འཁོར་གཅིག་བསྐོར་ལ། མར་ཁུ་ཐིགས་པ་གཅིག་ཀྱང་མ་བོ་བ་གྱིས། གལ་ཏེ་བོ་ན་གསོད་པ་ཡིན་ནོ་ཞེས་སྡིགས་ནས་བཏང་བས། མི་དེས་གོམ་ཆེ་ན་རྦབ་ཏུ་ལྷུང་དོགས་པ་དང་། མར་ཁུ་བོ་ན་ཆད་པས་བཅད་དུ་དོགས་ནས་རིག་པ་སྒྲིམས་ཏེ་འཁོར་བས་ན། རྒྱལ་པོས་མི་དེ་ལ་ལྟད་མོ་ཅི་མཐོང་གསུངས་པས། བདག་ཆད་པས་འཇིགས་ཏེ་མར་ཁུ་མ་བོ་བར་སྒྲིམས་པས་ཅི་ཡང་མ་མཐོང་ཟེར་རོ། །སློབ་དཔོན་གྱིས་འདི་ལྟར་དུ་ཁོ་བོས་ཀྱང་བསྟན་བཅོས་ལ་དབང་པོ་སྒྲིམས་པས་བཙུན་མོས་ལྟོ་སྐྱེལ་བ་མ་མཐོང་ངོ་། །ཞེས་གསུངས་པས་རྒྱལ་པོའི་དོགས་པ་ཞི་བར་གྱུར་ཏོ། །

language:
Tibetan