- gyad chen lha dga' klu dga'
- ID:
- T226712
- གྱད་ཆེན་ལྷ་དགའ་ཀླུ་དགའ (Tibetan, Tibetan script, Original)
- > gyad chen lha dga' klu dga' (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyé chen lha ga lu ga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་བཟའ་ཝེན་ཁྲེང་རྐོང་ཇོས་ཇོ་བོ་ཤཱཀྱ་མུ་ནེ་བོད་དུ་གདན་འདྲེན་སྐབས་ཤིང་རྟ་འཐེན་མཁན་གྱི་གྱད་མི་སྟོབས་ཆེན་གཉིས་ལ་ཟེར། ཁོང་གཉིས་ལ་དྲན་གསོ་ཞུ་ཆེད་ར་མོ་ཆེའི་གཙུག་ལག་ཁང་གི་སྒོ་འགྲམ་དུ་འདྲ་སྐུ་ལངས་གཟུགས་མ་རེ་རེ་ཡོད། ཁོང་གཉིས་བོད་དུ་གཞིས་ཆགས་ནས་བོད་མི་དང་གཉེན་འབྲེལ་བྱས་པ་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་འཇམ་དཔལ་གསང་བ་བྱུང་ཞིང༌། ཁོང་ལ་བྱས་རྗེས་གཟེངས་བསྟོད་དུ་གཙང་གི་གནས་རྙིང་ས་ཆ་གནང༌། དུས་རབས་བཅུ་གཅིག་པའི་སྐབས་རྒྱ་ལོ་ཙཱ་བ་བརྩོན་འགྲུས་སེང་གེས་དགེ་བཤེས་ནག་ཚོ་ལོ་ཙཱ་བ་ལ་གྲོགས་བྱས་ནས་ཨ་ཏི་ཤ་བོད་དུ་གདན་དྲངས་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་བཟའ་ཝེན་ཁྲེང་ཀོང་ཇོས་ཇོ་བོ་ཤཱཀྱ་མུ་ནེ་བོད་དུ་གདན་འདྲེན་སྐབས་ཤིང་རྟ་འཐེན་མཁན་གྱི་གྱད་མི་སྟོབས་ཆེན་གཉིས་ལ་ཟེར། ཁོང་གཉིས་ལ་དྲན་གསོ་ཞུ་ཆེད་ར་མོ་ཆེའི་གཙུག་ལག་ཁང་གི་སྒོ་འགྲམ་དུ་འདྲ་སྐུ་ལངས་གཟུགས་མ་རེ་རེ་ཡོད། ཁོང་གཉིས་བོད་དུ་གཞིས་ཆགས་ནས་བོད་མི་དང་གཉེན་འབྲེལ་བྱས་པ་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་འཇམ་དཔལ་གསང་བ་བྱུང་ཞིང་། ཁོང་ལ་བྱས་རྗེས་གཟེངས་བསྟོད་དུ་གཙང་གི་གནས་རྙིང་ས་ཆ་གནང་། དུས་རབས་བཅུ་གཅིག་པའི་སྐབས་རྒྱ་ལོ་ཙཱ་བརྩོན་འགྲུས་སེང་གེས་དགེ་བཤེས་ནག་ཚོ་ལོ་ཙཱ་བ་ལ་གྲོགས་བྱས་ནས་ཨ་ཏི་ཤ་བོད་དུ་གདན་དྲངས་པ་ཡིན།
- language:
- Tibetan