- gyi jo zla ba'i 'od zer
- ID:
- T226717
- གྱི་ཇོ་ཟླ་བའི་འོད་ཟེར (Tibetan, Tibetan script, Original)
- > gyi jo zla ba'i 'od zer (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyi jo dawé özer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཀྱིས་རབ་བྱུང་དང་པོའི་མེ་ཡོས(༡༠༢༧)ལོར་བོད་དུ་དུས་འཁོར་ཐོག་མར་བསྒྱུར་བ་དེ་ནས་བཟུང་བོད་དུ་རབ་བྱུང་རྩི་བའི་འགོ་ཚུགས། འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། <<དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ>><<མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད>><<བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་ལེའུ་བཅུ་པ>>དང༌། དེའི<<རྒྱུད་ཕྱི་མ་རྫོགས་རིམ་བསྟན་པའི་ལེའུ་གཉིས>><<རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ>>སོགས་དང༌། བསྟན་འགྱུར་ལས། <<དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ>>ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ། <<དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས>><<དགེས་རྡོར་བདེ་མཆོག>>ལ་སོགས་རྒྱུད་སྡེ་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྲུ་ཊའི་འགྲེལ་པ་ལས་དཔལ་ཁ་སྦྱོར་ཐིག་ལེ>>ཞེས་བྱ་བ<<རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ>>ཞེས་བྱ་བ། <<དཔལ་དུས་ཀྱི་འཁོར་ལོའི་མན་ངག>><<ཀྱེེེེེེའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས>>སོགས་མང་ངོ།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཀྱིས་རབ་བྱུང་དང་པོའི་མེ་ཡོས (༡༠༢༧) ལོར་བོད་དུ་དུས་འཁོར་ཐོག་མར་བསྒྱུར་བ་དེ་ནས་བཟུང་བོད་དུ་རབ་བྱུང་རྩི་བའི་འགོ་ཚུགས། འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ》མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངོན་པར་འབྱུང་བ་རྩ་བའི་རྒྱུད》བཅོམ་ལྡན་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་ལེའུ་བཅུ་པ》དང་། དེའི་རྒྱུད་ཕྱི་མ་རྫོགས་རིམ་བསྟན་པའི་ལེའུ་གཉིས》རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ》སོགས་དང་། བསྟན་འགྱུར་ལས། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ》ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ།དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས》དགེས་རྡོར་བདེ་མཆོག་ལ་སོགས་རྒྱུད་སྡེ་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊའི་འགྲེལ་པ་ལས་དཔལ་ཁ་སྦྱོར་ཐིག་ལེ》ཞེས་བྱ་བརྣལ་འབྱོར་མའི་རྒྱུད་ཀྱི་རྒྱུལ་པོའི་རྒྱ་ཆེར་འགྲེལ་བ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ》ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་མན་ངག》ཀྱཻའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ》སོགས་མང་ངོ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཛུག་ཙམ་དུ་སྐུ་འཁྲུངས། ཁོང་གིས་ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པ་དང་། ལེགས་སྦྱར་གྱི་སྐད་ལ་ཡང་སློབ་གཉེར་ལེགས་པར་མཛད་པས་རབ་བྱུང་དང་པོའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1027 ལོར་བོད་དུ་དུས་འཁོར་ཐོག་མར་བསྒྱུར་ཞིང་། དེ་ནས་བཟུང་བོད་དུ་རབ་བྱུང་རྩི་བའི་འགོ་ཚུགས་སོ། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ》དང་། 《མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་[266]འབྱུང་བ་རྩ་བའི་རྒྱུད》ལེའུ་བཅུ་བ། 《རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ》ལེའུ་བཅུ་བཞི་བ། 《རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད》ལེའུ་བཅུ་གཅིག་པ། 《བསྟན་འགྱུར》ལས《དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ》། 《དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས》། 《འབྱུང་བོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་དཔལ་སངས་རྒྱས་ཐོད་པ》། 《དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པའི་དཀའ་འགྲེལ》། 《བདེ་མཆོག་ཁ་སྦྱོར་ཐིག་ལེའི་རྒྱ་ཆེར་འགྲེལ་བ》། 《དཔལ་དུས་ཀྱི་འཁོར་ལོའི་མན་ངག》། 《དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་གྱི་སྒྲུབ་ཐབས》། 《དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཞི་བ》། 《ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས》། 《དཔལ་དགྱེས་པའི་རྡོ་རྗེའི་གཏོར་མའི་རིམ་པ》། 《དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ》། 《དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས》བཅས་བཞུགས་སོ།།
- language:
- Tibetan