Skip to main content Skip to search
gra ma'i sha
ID:
T226816
  • གྲ་མའི་ཤ (Tibetan, Tibetan script, Original)
    • > gra ma'i sha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dramé sha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ར་དང་གླ་བའི་ཤ་སོགས་བཞེད་པ་མི་འདྲ་བ་མཆིས་པས་འདིར་ཕྱོགས་བསྡུས་སུ་བཀོད་ན། སྐྱེམས་པ་ཚེ་དབང་གིས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་རྣམ་བཤད་བདེ་བའི་འདོད་འཇོ་ལས། གྲ་མའི་ཤ་ཞེས་སྤྱིར་ར་དང་གླ་བ་ལ་འདོད་ཅིང་། བྱེ་བྲག་ར་མོ་སྐྱེས་ནས་ལོ་གཉིས་ལོན་པའི་ཤའོ། །ཞེས་དང་། སྨན་མིང་སྒྲ་སྦྱོར་ངེས་པར་གྲ་མ་ཞེས་བོང་བུའི་མིང་ཡིན་པར་གསུངས། འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་རྒྱུད་བཞིའི་བཀའ་མཆན་ལས། གྲ་མའི་ཤ་ནི་སེམས་ཅན་གཞོན་དྲགས་པའི་ཤ་མ་སྐྱེས་པ་མ་ཡིན་པ་དང་། དར་ལ་བབ་པས་ཚིལ་ཆེ་དྲགས་པ་མ་ཡིན་པ། རྒས་པའི་ཤ་རིད་པ་མ་ཡིན་པ་ཞིག་སྟེ། དེ་ཡང་སྐྱེས་ནས་ལོ་གཉིས་ལོན་པའི་གྲ་ཡག་པ་དེའི་ཤ་ལ་ཟེར་རོ། །ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་དུ། འབྲི་གུང་དཀའ་མཆན་དང་ཆེས་མཐུན་པར་གསུངས་ཀྱང་། གྲ་ཡག་པ་དེ་ཉ་ཕག་གཞོན་ནུ་ལ་བཞེད་པར་མཆིས་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག

language:
Tibetan