Skip to main content Skip to search
gra bzhi glog 'phrul las khungs
ID:
T226817
  • གྲ་བཞི་གློག་འཕྲུལ་ལས་ཁུངས (Tibetan, Tibetan script, Original)
    • > gra bzhi glog 'phrul las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dra shyi lok trul lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག(༡༩༣༡)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་གྱིས་གྲ་བཞི་གློག་འཕྲུལ་ལས་ཁུངས་ངོ་མཚར་མཐའ་ཀླས་རིག་འཕྲུལ་གཏེར་མཛོད་ཅེས་པའི་མིང་དང་བཅས་གྲྭ་བཞིར་གསར་འཛུགས་བྱས། སྐབས་དེར་དོ་དམ་སྐུ་བཅར་ས་བསྟན་ཀུན་འཕེལ་དང༌། ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་གཉིས་ཀྱིས་བྱས་ཤིང༌། ལས་བྱ་མཁན་རིམ་གཉིས་དང༌། དེ་བྱིངས་སེར་སྐྱ་བཅོ་ལྔ་སྐོར་བཅས་ཡོད། བཟོ་གྲྭ་འདི་བཙུགས་རྗེས་གསེར་ཊ་ལས་ཁུངས་དང༌། ལོར་ཁང་ལས་ཁུངས། ཡ་མོན་འཕྲུལ་བཟོ་ཁང་སོགས་ཟླ་སྒྲིལ་གྱིས་དོག་སྡེའི་ནང་གློག་ཁང་ཆུང་ཆུང་ཞིག་བཙུགས་ཐོག་གློག་ལས་སློབ་སྦྱོང་བྱེད་མྱོང་བའི་ཐང་སྨད་བདུད་འདུལ་ཚེ་རིང་གློག་ཁང་དོ་དམ་ལ་བསྐོས་ཏེ་ཡ་མོན་འཕྲུལ་བཟོ་ཁང་དང་ལྷ་སའི་གྲོང་མི་ཉུང་ཤས་ལ་གློག་གཏོང་བ་སོགས་མདོར་ན་བཟོ་ལས་གློག་འཕྲུལ་དང་དངུལ་རྩའི་དོ་དམ་འགོ་འདོམས་ཀྱི་འགན་དབང་སྤྱོད་པ་ཡིན་ལ། ཕྱིས་སོ་ནམ་ལས་ཁུངས་ཀྱང་འདིར་ཟླ་སྒྲིལ་གྱིས་ཁྲལ་བསྡུ་ཁྲིམས་གནོན་དང་འབྲུ་རིགས་བསྡུ་གཏོང་སོགས་ནོར་སྲིད་དཔལ་འབྱོར་གྱི་འགོ་འདོམས་ཀྱང་བྱེད་པ་ཡིན་འདུག དེར་དོ་དམ་གཙོ་བོ་ཤོད་སྐོར་ཛ་སག་གཅིག རྩེ་སྐོར་མཁན་དྲུང་ཏཱ་བླ་མ། དོ་དམ་གཞོན་པ་རྩེ་སྐོར་མཁན་ཆུང་གཅིག ཤོད་སྐོར་རིམ་བཞི་གཅིག ཡིག་ཚགས་དང་ཁང་གཉེར་གཅིག་ལྕོགས་རྩེ་སྐོར་གནས་ལྔ་པའི་ལས་ཚན་གཅིག་དང༌། དྲུང་དཀྱུས་མི་གཅིག་བཅས་ཡོད།

language:
Tibetan

2. Thupten Phuntsok Dictionary

སྔོན་སྡེ་བ་གཞུང་གི་ལས་ཁུངས་ཤིག་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག (༡༩༣༡) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་གྱིས་གྲྭ་བཞི་གློག་འཕྲུལ་ལས་ཁུངས་ངོ་མཚར་མཐའ་ཀླས་རིག་འཕྲུལ་གཏེར་མཛོད་ཅེས་པའི་མིང་དང་བཅས་གྲྭ་བཞིར་གསར་འཛུགས་བྱས། སྐབས་དེར་དོ་དམ་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་དང་། དེ་བྱིངས་སེར་སྐྱ་བཅོ་ལྔ་སྐོར་བཅས་ཡོད། བཟོ་གྲྭ་འདི་བཙུགས་རྗེས་གསེར་ཊཾ་ལས་ཁུངས་དང་། ལོར་ཁང་ལས་ཁུངས། ཡ་མོན་འཕྲུལ་བཟོ་ཁང་སོགས་ཟླ་སྒྲིལ་གྱིས་དོག་སྡེའི་ནང་གློག་ཁང་ཆུང་ཆུང་ཞིག་བཙུགས་ཐོག་གློག་ལས་སློབ་སྦྱོང་བྱེད་མྱོང་པའི་ཐང་སྨད་བདུད་འདུལ་ཚེ་རིང་གློག་ཁང་དོ་དམ་ལ་བསྐོས་ཏེ་ཡ་མོན་འཕྲུལ་བཟོ་ཁང་དང་ལྷ་སའི་གྲོང་མི་ཉུང་ཤས་ལ་གློག་གཏོང་བ་སོགས་མདོར་ན་བཟོ་ལས་གློག་འཕྲུལ་དང་དངུལ་རྩའི་དོ་དམ་འགོ་འདམས་ཀྱི་འགན་དབང་སྤྱོད་པ་ཡིན་ནོ། །

language:
Tibetan