- gra bzhi dmag sgar
- ID:
- T226818
- གྲ་བཞི་དམག་སྒར (Tibetan, Tibetan script, Original)
- > gra bzhi dmag sgar (Tibetan, Latin script, Transliteration-THL Extended Wylie Transliteration)
- > dra shyi mak gar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྟག(༡༩༡༤)ལོ་གྲོང་དྲག་དམག་དཔུང་ཞིག་གསར་དུ་སྒྲིག་འཛུགས་བྱས་པ་དེ་ཡིན། དམག་སྒར་གྲ་བཞིའི་ས་སྟོང་ཐོག་བརྒྱབ་པར་བརྟེན་གྲ་བཞི་དམག་སྒར་ཞེས་མིང་ཆགས། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཞིང་དུ་གཤེགས་རྗེས་གྲོང་དྲག་དམག་དཔུང་ཁ་འཐོར་ནས་དམག་སྒར་དེ་སྔོན་མའི་རྒྱ་སྦྱོང་དམག་དཔུང་ལ་སྤྲད་པ་དང༌། རྗེས་སུ་བོད་དམག་དམག་སྒར་རྣམས་ཀ་མིག་སྡེ་ཚན་སྒྲིག་སྐབས་ཁ་དང་གྲ་བཞི་རྒྱ་སྦྱོང་དམག་སྒར་ཡང་ཟེར། དེའི་དམག་གྲངས་ཆིག་སྟོང་དང༌། འགོ་གཙོ་ཤོད་སྐོར་རིམ་པ་བཞི་པའི་མདའ་དཔོན་གཉིས། དམག་ཁོངས་ནས་རུ་དཔོན་བཞི། བརྒྱ་དཔོན་བཅུ། ལྡིང་དཔོན་ནམ་ཞལ་ངོ་ཉི་ཤུ་ཐམ་པ། དེ་འོག་དམག་རྩེད་དགེ་རྒན། བཅུ་དཔོན་སོགས་རིམ་བཞིན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འདི་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྟག (༡༩༡༤) ལོ་གྲོང་དྲག་དམག་དཔུང་ཞིག་གསར་དུ་སྒྲིག་འཛུགས་བྱས་པ་དེ་ཡིན། དམག་སྒར་གྲ་བཞིའི་ས་སྟོང་ཐོག་བརྒྱབ་པར་བརྟེན་གྲ་བཞི་དམག་སྒར་ཞེས་མིང་ཆགས་སོ། །
- language:
- Tibetan