- gra bzhi ya mon dang dmag sgar
- ID:
- T226820
- གྲ་བཞི་ཡ་མོན་དང་དམག་སྒར (Tibetan, Tibetan script, Original)
- > gra bzhi ya mon dang dmag sgar (Tibetan, Latin script, Transliteration-THL Extended Wylie Transliteration)
- > dra shyi ya mön dang mak gar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་སའི་ཉེ་འདབས་གྲ་བཞི་བརྒྱུད་དུ་དེ་སྔ་ཨམ་བན་གྱི་ཡ་མོན་ལས་ཁུངས་དང་དམག་སྒར་སོགས་གཞི་ཁྱོན་ཆེ་ཙམ་ཡོད་པ་དེ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་གླང(༡༧༣༣)ལོར་མི་དབང་ཕོ་ལྷ་བས་གོང་མ་ཡུང་ཀྲིར་སྙན་ཞུ་ཕུལ་བའི་བཀའ་ལན་དུ་ཕེབས་པ་ལྟར་གྲྭ་བཞིའི་ཐང་དུ་ཁང་པ་གསར་རྒྱག་བྱས་ནས་ལྷ་སར་བཅའ་སྡོད་དམག་ཅིའུ་ཏ་ལོ་ཡེ་ཞེས་པ་སོགས་དཔུང་དམག་ལྔ་བརྒྱ་དང་བཅས་པ་དེ་གར་སྤོས་པ་ནས་བཟུང་གྲ་བཞི་ཡ་མོན་དང༌། དམག་སྒར་ཅེས་པ་བྱུང༌། དེང་སང་གྲ་བཞི་གྲོང་ལྷན་གྱི་ཞིང་པའི་གཡུལ་ཁ་ཡོད་ས་དེར་རྡོ་རིང་ལེབ་མོ་རྒྱ་ཡིག་བརྐོས་པ་གཉིས་ཡོད་པའང་རིག་གནས་གསར་བརྗེ་བར་ཉམས་མེད་ཡོད། ལྷ་མོ་ཁང་དེའི་ནང་ཀོན་ཡུན་ཆང་གི་སྐུ་མི་ཚད་གཅིག་དང༌། ལྷ་མོ་སྲོག་གི་སྤུ་གྲི(གྲ་བཞི་ལྷ་མོ)སོགས་ཀྱི་སྐུ་ཡོད། ཆིང་རྒྱལ་རབས་སྐབས་ལོ་ལྟར་དབྱར་དུས་ཤིག་ཀོན་ཡུན་ཆང་གི་སྐུ་དེ་ཕེབས་བྱམས་ནང་འཁྱེར་བ་དང༌། ཞི་དྲག་དཔོན་རིགས་ངོ་ལས་རྟ་ཧྲག་སྒྲིག་པ། མི་འགའ་ཤས་ནས་ཀོན་ཡུན་ཆང་གི་འཁོར་གྱི་ཆས་སྤྲས་པ་སོགས་བྱས་ཏེ་བར་སྐོར་དུ་བསྐོར་བ་རྒྱག་སྲོལ་ཞིག་ཡོད་སྐད། ལྷ་ཁང་དེའི་ནང༌། དྲིལ་བུ་སྤྱི་ཁྲེ་གང་མ་ཟིན་ཙམ་ཞིག་གི་ངོས་སུ་སྤྲིན་འབྲུག་དང་བོད་རྒྱ་མན་གསུམ་གྱི་ཡི་གེ་ཡོད་པ་ཞིག་ཡོད་འདུག གཞན་ཡང་དེ་ཁུལ་ཧུད་རིགས་ཀྱི་ཕྱག་ཁང་ཞིག་ཀྱང་སྐྲུན་པ་ཕྱིས་སུ་ཝ་པ་གླིང་ཕྱག་ཁང་ཆེན་མོ་དང་སྒྲིལ་སྐད། དེ་བཞིན་གྲ་བཞི་དགོན་པའི་རྒྱབ་ངོས་སུ་རྒྱ་སྦྱོང་དམག་གི་དམག་སྒར་སྐྲུན་པ(དེང་སང་ལྗོངས་བཙོན་ཁང་དང་པོ་ཡོད་ས་དེ་ཡིན)ཕྱིས་སུ་ཁ་དང་གྲ་བཞི་དམག་སྒར་ཟེར་བདེ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ལྷ་སའི་ཉེ་འདབས་གྲ་བཞི་བརྒྱུད་དུ་དེ་སྔ་ཨམ་བན་གྱི་ཡ་མོན་ལས་ཁུངས་དང་དམག་སྒར་སོགས་གཞི་ཁྱོན་ཆེ་ཙམ་ཡོད་པ།
- language:
- Tibetan