Skip to main content Skip to search
grags pa 'bum lde
ID:
T226828
  • གྲགས་པ་འབུམ་ལྡེ (Tibetan, Tibetan script, Original)
    • > grags pa 'bum lde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drakpa bum dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་ལྷ་ཆེན་ཁྲི་གཙུག་ལྡེར་སྲས་གཉིས་འཁྲུངས་པའི་བགྲེས་པ་འདི་ཉིད་ཀྱིས་གླེ་ལ་སོགས་པ་ལ་མངའ་མཛད་དེ་ཕྱག་རྗེས་སུ་གཙུག་ལག་ཁང་དམར་པོ་བཞེངས་ནས་དེའི་ནང་བཞུགས་སུ་གསོལ་རྒྱུའི་སྐུ་རྟེན་རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བརྒྱད་པའི་སྐུ་ཚད་དང༌། གཡས་གཡོན་གཉིས་སུ་འཇམ་དབྱངས་དང༌། ཕྱག་ན་རྡོ་རྗེ་ཐོག་ཚད་རེ། གཙུག་ལག་ཁང་གི་ལོགས་བྲིས་ལ་བདེ་བར་གཤེགས་པའི་སྐུ་བརྙན་མང་པོ་བྲིས་ཡོད་པ་བཅས་གཙུག་ལག་ཁང་དེ་ཐོག་སོ་གསུམ་བརྩེགས་མཐོ་ལིང་གེ་དཔེ་ཟླ་ལྟ་བུ་དང༌། གསུང་རྟེན་དུ་གཟུངས་འབུམ་ཆེན་མོ་དང༌། དཀོན་བརྩེགས། ལང་དཀར་གཤེགས་པ་ལ་སོགས་པ་བཞེངས། ཐུགས་རྟེན་དུ་དེའུ་སེར་པོ་གླེའི་ཡུལ་ལ་གནོད་པ་ཞིག་ཡོད་པ་དེ་བཏུམས་ནས་ཕྱི་མཆོད་རྟེན་གྱི་ཚུལ་ལ་ནང་ལྷ་ཁང་བརྒྱ་རྩ་བཀོད་པས་ཁྱད་པར་འཕགས་པ་བཞེངས་པ་དེ་མཚན་ལ་ཏེའུ་བཀྲ་ཤིས་འོད་འཕྲོ་ཞེས་ཟེར། གཞན་ཡང་སྙིགས་དུས་ཀྱི་ཀུན་མཁྱེན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་སྐུ་ཉིད་ཀྱི་ཤངས་ཁྲག་ལ་འཁྲུངས་པའི་ཚེ་དཔག་མེད་མཐེབ་ཚིགས་ཙམ་ཡོད་པ་བྱ་བྲལ་གཉིས་ལ་བསྐུར་ནས་རྒྱལ་པོ་འདི་ཉིད་ལ་ཕུལ་བས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དཔེས་ནས་དཔེ་ཐུབ་ཀྱི་དགོན་པ་མ་བརྩིགས་ལྷུན་གྱིས་གྲུབ་པ་དེ་ལྟ་བུ་བཏབ་པ་སོགས་དགེ་འདུན་གྱི་སྡེ་མང་པོ་བཙུགས་སོ། །

language:
Tibetan

2. Thupten Phuntsok Dictionary

སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་ལྷ་ཆེན་ཁྲི་གཙུག་ལྡེར་སྲས་གཉིས་འཁྲུངས་པའི་བགྲེས་པ་འདི་ཉིད་ཀྱིས་གླེ་ལ་སོགས་པ་ལ་མངའ་མཛད་དེ་ཕྱག་རྗེས་སུ་གཙུག་ལག་ཁང་དམར་པོ་བཞེངས་ནས་དེའི་ནང་བཞུགས་སུ་གསོལ་རྒྱུའི་སྐུ་རྟེན་རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བརྒྱད་པའི་སྐུ་ཚད་དང་། གཡས་གཡོན་གཉིས་སུ་འཇམ་དབྱངས་དང་། ཕྱག་ན་རྡོ་རྗེ་ཐོག་ཚད་རེ། གཙུག་ལག་ཁང་གི་ལོགས་བྲིས་ལ་བདེ་བར་གཤེགས་པའི་སྐུ་བརྙན་མང་པོ་བྲིས་ཡོད་པ་བཅས་གཙུག་ལག་ཁང་དེ་ཐོག་སོ་གསུམ་བརྩེགས་མཐོ་ལིང་གི་དཔེ་ཟླ་ལྟ་བུ་དང་། གསུང་རྟེན་དུ་གཟུངས་འབུམ་ཆེན་མོ་དང་། དཀོན་བརྩེགས། ལང་ཀར་གཤེགས་པ་ལ་སོགས་པ་བཞེངས། ཐུགས་རྟེན་དུ་དེའུ་སེར་པོ་གླེའི་ཡུལ་ལ་གནོད་པ་ཞིག་ཡོད་པ་དེ་བཏུམས་ནས་ཕྱི་མཆོད་རྟེན་གྱི་ཚུལ་ལ་ནང་ལྷ་ཁང་བརྒྱ་རྩ་བཀོད་པས་ཁྱད་པར་འཕགས་པ་བཞེངས་པ་དེ་མཚན་ལ་ཏེའུ་བཀྲ་ཤིས་འོད་འཕྲོ་ཞེས་ཟེར།

language:
Tibetan