- gram tshon dang rub tshon
- ID:
- T226901
- གྲམ་ཚོན་དང་རུབ་ཚོན (Tibetan, Tibetan script, Original)
- > gram tshon dang rub tshon (Tibetan, Latin script, Transliteration-THL Extended Wylie Transliteration)
- > dram tsön dang rub tsön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཤོག་བུ་ཞིག་གི་སྟེང་དུ་ཚོན་སེར་པོས་སྒོར་དབྱིབས་ལྟར་བྱུགས་ཚེ་ཤོག་བུའི་ངོས་ལ་གྲམ་པའི་སྣང་བ་ཚོར་གྱི་ཡོད་པས་དེར་གྲམ་ཚོན་ཟེར། ཡང་ན་ཚོན་སྔོན་པོ་ཞིག་སྒོར་དབྱིབས་ལྟར་བྱུགས་ཚེ། ཤོག་བུའི་ངོས་ལ་རུབ་ཡོང་བའི་སྣང་བ་ཚོར་གྱི་ཡོད་པས། དེར་རུབ་ཚོན་ཟེར། གྲམ་ཚོན་ལས་གྲུབ་པའི་རི་མོས་ཁྱབ་སྤེལ་དང་། གོང་འཕེལ། ཁོག་ཡངས་བཅས་ཀྱི་སྣང་བ་སྟེར་གྱི་ཡོད། རུབ་ཚོན་ལས་གྲུབ་པའི་རི་མོས་སེམས་སྡུག་དང་། ཁུ་སིམ། འགུལ་མེད་བཅས་ཀྱི་སྣང་བ་སྟེར་གྱི་ཡོད་པའོ། །
- language:
- Tibetan