- gri ha de wa ta
- ID:
- T226919
- གྲི་ཧ་དེ་ཝ་ཏ (Tibetan, Tibetan script, Original)
- > gri ha de wa ta (Tibetan, Latin script, Transliteration-THL Extended Wylie Transliteration)
- > dri ha deva ta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བཙན་པོའི་<<འཛམ་གླིང་རྒྱས་བཤད་>>ནང༌། གནས་འདི་གྲོང་ཁྱེར་ཡམ་བུའི་ཤར་ཕྱོགས་གྲོང་ཁྱེར་ཁོ་ཁོམ་གྱི་བར་དེར་དེ་བ་པ་ཊ་ན་ཟེར་བའི་གྲོང་ཞིག་ཡོད་ཅིང༌། དེར་ཀྱི་རྡོ་རྗེའི་རྒྱུད་ལས་ནེརྱ་པཱ་ལ་ཞེས་ཡོངས་གྲགས་ཀྱི་མིང་ནས་གསུངས་པ། བལ་ཡུལ་གྱི་ཞིང་སྐྱོང་ལ་ལྷ་དབང་ཕྱུག་ཆེན་པོས་མཆོད་པའི་རྟེན་དུ་བྱིན་པའི་མཚན་མ་སུ་པ་ཏི་ག་རའམ་ཡོངས་གྲགས་སུ་གུ་ལང་དུ་འབོད་པའི་གནས་དེ་ཡིན་པར་གསུངས། ལོ་རྒྱུས་འགའ་ཞིག་ཏུ། ལི་ཡུལ་ལྕང་ར་སྨུག་པོའམ་དེང་སང་ཤིན་ཅང་དུ་འབོད་པའི་ཡུལ་གྱི་ནུབ་ངོས་སུ་ཡོད་པར་བཤད། གྲི་ཧ་དེ་བ་ཏ་ཞེས་པ་བོད་སྐད་དུ་སྦྱིན་ཁྱིམ་ལྷ་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགར་གསལ།
- language:
- Tibetan
2. Thupten Phuntsok Dictionary
བཙན་པོའི་འཛམ་གླིང་རྒྱས་བཤད་》ནང་། གནས་འདི་གྲོང་ཁྱེར་ཡམ་བུའི་ཤར་ཕྱོགས་གྲོང་ཁྱེར་ཁོ་ཁོམ་གྱི་བར་དེར་དེ་བ་པ་ཊ་ན་ཟེར་བའི་གྲོང་ཞིག་ཡོད་ཅིང་། དེར་ཀྱཻ་རྡོ་རྗེའི་རྒྱུད་ལས་ནེརྱ་པཱ་ལ་ཞེས་ཡོངས་གྲགས་ཀྱི་མིང་ནས་གསུངས་པ། བལ་ཡུལ་གྱི་ཞིང་སྐྱོང་ལ་ལྷ་དབང་ཕྱུག་ཆེན་པོས་མཆོད་པའི་རྟེན་དུ་བྱིན་པའི་མཚན་མ་སུ་པ་ཏི་ག་རའམ་ཡོངས་གྲགས་སུ་གུ་ལང་དུ་འབོད་པའི་གནས་དེ་ཡིན་པར་གསུངས། ལོ་རྒྱུས་འགའ་ཞིག་ཏུ། ལི་ཡུལ་ལྕང་ར་སྨུག་པོའམ་དེང་སང་ཤིན་ཅང་དུ་འབོད་པའི་ཡུལ་གྱི་ནུབ་ངོས་སུ་ཡོད་པར་བཤད། གྲི་ཧ་དེ་བ་ཏ་ཞེས་པ་བོད་སྐད་དུ་སྦྱིན་ཁྱིམ་ལྷ་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགར་གསལ།
- language:
- Tibetan