Skip to main content Skip to search
grib tshe chog gling
ID:
T226925
  • གྲིབ་ཚེ་ཆོག་གླིང (Tibetan, Tibetan script, Original)
    • > grib tshe chog gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drib tsé chok ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གྲིབ་ཚེཆོག་གླིང་གི་མིང་ཆ་ཚང་ལ་ཚེ་ཆོག་བསམ་གཏན་གླིང་ཞེས་འབོད་ཅིང༌། རབ་བྱུང་བཅུ་གསུམ་པའི་མེ་ལུག(༡༧༨༧)ལོར་གོར་ཥ་བཙན་འཛུལ་དམག་གིས་བོད་ཀྱི་གཉའ་ནང་དང༌། རོང་ཤར། སྐྱིད་གྲོང་བཅས་ལ་བཙན་འཛུལ་གཏོར་བཅོམ་བྱས་སྐབས་སྐྱིད་གྲོང་བསམ་གཏན་གླིང་གི་གྲྭ་པ་རྣམས་གནས་ཐབས་བྲལ་ནས་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན(སྐྱིད་གྲོང་བསམ་གཏན་གླིང་ཕྱག་འདེབས་མཁན)ལ་བདེ་སྡུག་ཞུ་བར་ཡོང་སྐབས་དཀའ་ཆེན་རིན་པོ་ཆེས་གྲྭ་པ་རྣམས་ལ་ཆོས་གསུང་རྗེས་རང་སོ་སོའི་གང་འདོད་སར་སོང་གསུངས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་ཁྱེད་ཆོའི་བླ་མ་ངས་གདན་དྲངས་པས་གྲྭ་སློབ་གང་སར་བཏང་ན་མ་འགྲིག་པས་ལྷ་སའི་ཉེ་འདབས་ས་བབས་གང་དགའ་ཅིག་ལ་དགོན་གནས་འདེབས་དགོས་གསུངས་པ་ལྟར་དཀའ་ཆེན་རིན་པོ་ཆེས་པོ་ཏ་ལ་ནས་བརྟག་དཔྱད་གནང་སྐབས་སྐྱིད་ཆུའི་ལྷོ་ངོས་གྲིབ་ཀྱི་ས་དེར་དགོན་པ་འདེབས་བཞེད་ལྟར་ས་བྱ་(༡༧༨༩)ལོར་གྲིབ་ཚེ་ཆོག་གླིང་ཕྱག་བཏབ། གྲུབ་མཐའ་དགེ་ལུགས་དང་གྲྭ་གྲངས༡༠༨ཡིན་ཅིང་དགོན་བདག་ཚེ་ཆོག་གླིང་བླ་བྲང་ཡིན། ཚེ་ཆོག་གླིང་དགོན་པའི་ཤར་ངོས་རི་ལྡེབས་སུ་རྫོང་བཙན་སྐུ་མཁར་ཞེས་ལྷ་ཁང་དུ་གྲིབ་རྫོང་བཙན་གྱི་སྐུ་གསོབ་སོགས་ཡོད། དེའི་ལྷོ་ངོས་རི་ལྡེབས་སུ་གྲིབ་རི་བོ་གྲུ་འཛིན་ཞེས་ཐུགས་རྗེ་ཆེན་པོའི་ལྷ་ཁང་ཡོད་པ་རྣམས་ཚེ་ཆོག་གླིང་དགོན་པ་ནས་བདག་གཉེར་བྱེད། གྲིབ་ཀྱི་ཕུར་དཀར་མོ་རོང་ཞེས་པའི་བྲག་ཕུག་ཅིག་ཡོད་པ་དེར་དུས་རབས་བརྒྱད་པའི་ནང་ལྷ་ལུང་དཔལ་རྔོར་གྱིས་སྒྲུབ་པ་མཛད་དེ་བཞུགས་པའི་ལོ་རྒྱུས་ཡོད་ལ་བྲག་ཕུག་དེའི་ནང་བྲག་བརྐོས་སྐུ་བརྙན་མང་པོ་ཡོད་སྐད།

language:
Tibetan

2. Thupten Phuntsok Dictionary

གྲིབ་ཚེ་ཆོག་གླིང་གི་མིང་ཆ་ཚང་ལ་ཚེ་ཆོག་བསམ་གཏན་གླིང་དུ་འབོད་ཅིང་། རབ་བྱུང་བཅུ་གསུམ་པའི་མེ་ལུག (༡༧༨༧) ལོར་གོར་ཥ་བཙན་འཛུལ་དམག་གིས་བོད་ཀྱི་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་ལ་བཙན་འཛུལ་གཏོར་བཅོམ་བྱས་སྐབས་སྐྱིད་གྲོང་བསམ་གཏན་གླིང་གི་གྲྭ་པ་རྣམས་གནས་ཐབས་བྲལ་ནས་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན (སྐྱིད་གྲོང་བསམ་གཏན་གླིང་ཕྱག་འདེབས་མཁན) ལ་བདེ་སྡུག་ཞུ་བར་ཡོང་སྐབས་དཀའ་ཆེན་རིན་པོ་ཆེས་གྲྭ་པ་རྣམས་ལ་ཆོས་གསུང་རྗེས་རང་སོ་སོའི་གང་འདོད་སར་སོང་གསུངས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་ཁྱོད་ཚོའི་བླ་མ་ངས་གདན་དྲངས་པས་གྲྭ་སློབ་གང་སར་བཏང་ན་མ་འགྲིག་པས་ལྷ་སའི་ཉེ་འདབས་ས་བབས་གང་དགའ་ཅིག་ལ་དགོན་གནས་འདེབས་དགོས་གསུངས་པ་ལྟར་དཀའ་ཆེན་རིན་པོ་ཆེས་པོ་ཏ་ལ་ནས་བརྟག་དཔྱད་གནང་སྐབས་སྐྱིད་ཆུའི་ལྷོ་ངོས་གྲིབ་ཀྱི་ས་དེར་དགོན་པ་འདེབས་བཞེད་ལྟར་ས་བྱ་ (༡༧༨༩) ལོར་གྲིབ་ཚེ་ཆོག་གླིང་ཕྱག་བཏབ།

language:
Tibetan