- gru mer tshul khrims 'byung gnas
- ID:
- T226943
- གྲུ་མེར་ཚུལ་ཁྲིམས་འབྱུང་གནས (Tibetan, Tibetan script, Original)
- > gru mer tshul khrims 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > dru mér tsultrim jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡལ་གྱལ། གྲུ་མེར་སོགས་བན་དེ་མི་ཕྱེད་དང་བརྒྱད་ཀྱིས་ཀླུ་མེས་ལ་ཞུས་ནས་བོད་མེ་སྦྲུལ(༩༥༧ལོ་ཡང་ན༡༠༡༧)ལོར་སོལ་ནག་ཐང་པོ་ཆེ་བརྩིགས་ཤིང༌། ཀླུ་མེས་སྐུ་ངོ་མ་ཡང་ཐང་པོ་ཆེ་འདིར་བཞུགས། འདི་ལས་མཆེད་པ་ལ་ཐང་སྐོར་དུ་གྲགས། ཕྱིས་གྲུ་མེར་གྱི་མཁན་བུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བཟུང༌།
- language:
- Tibetan
2. Thupten Phuntsok Dictionary
ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡལ་གྱལ། གྲུ་མེར་སོགས་བན་དེ་མི་ཕྱེད་དང་བརྒྱད་ཀྱིས་ཀླུ་མེས་ལ་ཞུས་ནས་བོད་མེ་སྦྲུལ (༩༥༧ལོ་ཡང་ན༡༠༡༧) ལོར་སོག་ནག་ཐང་པོ་ཆེ་བརྩིགས་ཤིང་། ཀླུ་མེས་སྐུ་ངོ་མ་ཡང་ཐང་པོ་ཆེ་འདིར་བཞུགས། འདི་ལས་མཆེད་པ་ལ་ཐང་སྐོར་དུ་གྲགས། ཕྱིས་གྲུ་མེར་གྱི་མཁན་བུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བཟུང་།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་[276]སུ་སྐུ་འཁྲུངས། ཁོང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་འདུལ་འཛིན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། དེ་ནས་ཁོང་གིས་སོལ་ནག་ཐང་པོ་ཆེ་བཞེངས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་སྤེལ་བར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྒྱལ་བ་འོད་སོགས་མང་དུ་བྱོན། ཁོང་ནི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞིག་ཡིན་ནོ།།
- language:
- Tibetan