- grub chen brgyad cu rtsa bzhi
- ID:
- T226954
- གྲུབ་ཆེན་བརྒྱད་ཅུ་རྩ་བཞི (Tibetan, Tibetan script, Original)
- > grub chen brgyad cu rtsa bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > drupchen gyechu tsazhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མིང་ཙམ་སྨྲོས་ན། ༡ ལུ་ཨི་པ་ (ཉ་ལྟོ་བ) ༢ དྷ་རི་ཀ་པ་ (སྨད་འཚོང་ལ་གཡོག་བྱད་པ) ༣ ཌིམ་ཀེ་པ། ༤ ལི་ལ་པ། ༥ བིར་ཝ་པ (དཔལ་ལྡན་ཆོས་སྐྱོང) ༦ ཊོམ་བྷི་པ། ༧ ཤ་ཝ་རི་པ (རི་དྭགས་རྔོན་པ) ༨ ས་ར་ཧ་པ (བྲམ་ཟེ་ས་ར་ཧ་པ) ༩ ཀོ་ཀ་ལི་བ (ཉལ་པོ་ལ་དགའ་བ) ༡༠ མི་ན་པ་ (ཉ་པ) ༡༡ གོ་རཀྵ་པ (རྐང་ལག་མེད་པ) ༡༢ ཙ་འུར་ཁ་པ (བ་ལང་སྐྱོང) ༡༣ བི་ན་པ (རོལ་མོ་ལ་ཆགས་པ) ༡༤ རཏྣ་ཨ་ཀ་ར་ཤཎ་ཧེ་ (རིན་ཆེན་འབྱུང་གནས་ཞི་བ) ༡༥ ཏོག་ཙེ་པ་ (འཇོར་ཐོགས་མཁན) ༡༦ ཏནྟྲི་པ (ཐགས་མཁན) ༡༧ ཙ་མ་རི་པ (ལྷམ་མཁན) ༡༨ ཁངྒ་པ (རལ་གྲི་ཅན) ༡༩ ཀླུ་སྒྲུབ་ (སློབ་དཔོན་ཀླུ་སྒྲུབ) ༢༠ ཀཧྣི་པ (ནག་པོ་སྤྱོད་པ) ༢༡ ཀ་ན་རི་པ (སློབ་དཔོན་ཨརྱཱ་དེ་བ) ༢༢ ཐེ་གེ་ན་པ་ (རྫུན་སྨྲ་བ) ༢༣ ཏེ་ལོ་པ (ཏིལ་རྡུང་མཁན) ༢༤ ནཱ་རོ་པ (པཎ་ཆེན་ནཱ་རོ་པ) ༢༥ ཁ་ལི་པ (སྤྱང་ཀི་པ) ༢༦ ཙ་ཏ་པ (ཆོས་སློང་མཁན) ༢༧ བྷ་ཏ་པ། ༡༨ དྷོ་ཁན་དྷི་པ། ༡༩ ཨ་ཛུ་ཀི (ལེ་ལོ་ཅན) ༣༠ ས་ཀ་ལ་པ (སྨྱོན་པ) ༣༡ ཌོམ་བྷི་བ་ (ཁྲུས་མཁན) ༣༢ མེ་ཀོ་པ (དུར་ཁྲོད་པ) ༣༣ ཀ་མ་རི་པ (མགར་བ) ༣༤ ཛ་ལན་དྷ་ར་པ (འབར་བ་འཛིན) ༣༥ ར་ཧུ་ལ་ (སྒྲ་གཅན་འཛིན) ༣༦ དྷརྨ་པ (ཆོས་སྨྲ་བ) ༣༧ དྷོ་ཀ་རི་པ (སྣོད་འཁུར་བ) ༣༨ མེ་དྷ་ནི (ཞིང་པ) ༣༩ སངྒ་ཛ་ལ། ༤༠ དྲིལ་བུ་པ། ༤༡ ཨ་ཡོ་གི ༤༢ ཙ་ལོ་གི ༤༣ གུ་ཧུ་རི་པ (བྱ་པ) ༤༤ ལུ་ཙི་ཀ (ཙོག་འདུག་ལྐོག་ལངས) ༤༥ ཀམ་ཀ་ལ (གདུ་བུ་པ) ༤༦ ཀམ་པ་ལི (ལ་ཝ་པ) ༤༧ བྷ་དེ་པ། ༤༨ ཏེན་ཏ་པ (ཆོ་ལོ་པ) ༤༩ ཀུ་ཀུ་རི་པ (ཁྱི་ལ་དགའ་བ) ༥༠ ཀུ་ཛྙ་ལི (ལྟག་ཝ་ཅན) ༥༡ དྷརྨ་པ (ཐོས་ཤེས་ཅན) ༥༢ མ་དྷི་ལ (ང་རྒྱལ་ཅན) ༥༣ ཨ་ཙིནྟ (ཤིང་འཚོང་མཁན) ༥༤ བྷ་ལ་ཧ། ༥༥ ན་ལི་པ (འདམ་གྱིས་མ་གོས་པའི་པདྨ) ༥༦ བྷུ་སུ་ཀུ་པ (འདུ་ཤེས་གསུམ་པ) ༥༧ ཨིནྡྲ་བོ་དྷི (བྱང་ཆུབ་དབང་པོ) ༥༨ ལེགས་སྨིན་ཀ་ར་ (དེའི་སྐུ་མཆེད་མོ) ༥༩ ཛ་ལེནྡྲ་པ (བའི་དབང་པོ) ༥༠ ནི་ར་གུ་ན (ཡོན་ཏན་མེད་པ) ༥༡ ཙ་བ་རི་པ ( འཁུར་པ་འཚོང་བ) ༥༢ ཙ་པ་ཀ ༥༣ བྷི་ཁ་ན། ༥༤ ཏིལ་བརྡུང་བ། ༥༥ ཀུ་མ་རི། ༥༦ དུ་མེ་བ། ༥༧ མ་ཎི་བྷ་དྲ (མོ) ༥༨ རྣལ་འབྱོར་མ་མེ་ཁ་ལ། ༥༩ དེའི་སྐུ་མཆེད (མོ) ༧༠ ཀ་ན་ཀ་པ (ཀུ་ཅོ་སྨྲ་བ) ༧༡ ཀན་ཐ་ལི་པ (འཚེམ་བུ་པ) ༧༢ དྷ་པུ་རི་པ (ཀུ་ཤའི་ཐག་པ་གཅུ་མཁན) ༧༣ ཨུ་དྷ་རི་པ (རྫུ་འཕུལ་གྱིས་འཕུར་མཁན) ༧༤ ཀ་པཱ་ལི་པ (ཐོད་པ་ཅན) ༧༥ ཀི་ར་པ (སྲིད་དམགལ་དགའ་བ) ༧༦ མཚོ་སྐྱེས་རྡོ་རྗེ། ༧༧ སྭརྦ་བྷ་ག་ལ (མཐོང་ཚད་ཟ་བ) ༧༨ ན་ག་བོ་དྷི (ཀླུའི་བྱང་ཆུབ) ༧༩ ཁུར་ལི་པ (བྲིས་སྐུ་འཆང་བ) ༨༠ པ་ན་ཧ (མཆིལ་ལྷམ་ཅན) ༨༡ ཀོ་ཀལི་པ (བྱ་ཀོ་ཀ་ལི་ལ་དགའ) ༨༢ ཨ་ན་ཀ (ལུས་བཟང་པ) ༨༣ སུམུནྡྲ (ཚོང་བྱད་མཁན) ༨༤ བྱ་རི་པ (བཅུད་ལེན་མཁན) བཅས་ཡིན། དེ་རྣམས་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་སྐབས་དངོས་སུ་བྱོན་པའི་གྲུབ་ཐོབ་ཀྱི་གྲངས་སོ། །ཡངཆོས་ཀྱི་རྣམ་གྲངས་རྒྱ་མཚོའི་གཏེར》ཞེས་པར་ཡང་འདི་འདྲ་བཀོད་ཡོད་དེ། ལུ་ཧི་པ། ཀང་ཀ་རི་པ (ཀུ་ཀུ་རི་པ) ས་ཧ་བཛྲ། ཐ་ག་རི་པ (ན་ག) བྷུ་སུ་ཀ པད་མའི་རྒྱལ་པོ།དྲིལ་བུ་པ། ཀླུ་སྒྲུབ། པད་མ་བཛྲ། མི་དྲི་ཀ་མ་ལ། བྷུ་སུ་ཀུ ཞི་བ་མཚོ (ཨརྱཱ་དེ་བ) ས་ར་ཧ་ཏ་པ། དུར་ཁྲོད་མ (མགུར་དབྱངས་མཁན) ལྷ་སྲས་རིན་ཆེན་དཔལ་བཞེར (མི་ན་ས) ལི་ཡི་བཟོ་བོ། བྷ་སུ་དྷ་རི། ཛ་ལན་དྷ་ར། ཉི་མ་དཔལ (དྷརྨ་གིཏྟ) གསལ་བྱེད་མ། རོ་ལངས་མ (སྨད་སྐྲིས་ཅན) ཏོག་ཙེ་པ། ཨིནྟྲ་བྷོ་དྷི (ཕྱི་མ) ཀླུའི་བྱང་ཆུབ། ནག་པོ་ཞབས (བྷིན་ས) རྒྱན་གྱི་རྒྱལ་མོ (ན་ཏ་པ) ཤན་ཏི་པ (ཐོགས་མེད་བྷིན་དྷ་ས) བྷིརྱ་པ། ཏྲི་རྣ་པ། ལྭ་བ་པ། མར་མེ་མཛད (ནི་ཏུ་པ) མི་ཐུབ་ཟླ་བ (ཟླ་བ་བཟང་པོ) ཀ་མ (ནག་པོ་སྤྱོད་པ) ལ་ཤྲི། ཡེ་ཤེས་སྙིང་པོ (ཀུན་དགའ་སྙིང་པོ) ཀ་ལ་གླང་གྷིར། ཡན་ལག་མེད་པའི་རྡོ་རྗེ།ཀ་ན་ཀོ་རི (ཀུ་མ་རི་པ) བྷིར་བ་པ (གླང་ཆེན་པ) མ་ཧ་སི་ཏི (མ་ཧཱ་པ) ཛྙཱ་ན་ཤྲི་ཏན་ཏྲ་པ། གྲི་སྐོར་མ (སྤྲིན་གྱི་ཤུགས་འཆང) དྲི་མེད་མ། ངག་གི་དབང་ཕྱུག གྷུདྷི་རི་པ (ཏི་གི་པ) འཇམ་དཔལ་བཤེས་གཉེན། ར་ཛ་ན་ཏི (ཙ་ར་ཡང་བ) ཤན་ཏ་དྷི་བ། གྷུ་ན་མ་ཏི (གསེར་གླང་བ) བློ་གྲོས་བརྟན་པ། བཤེས་གཉེན་མ (ཕག་ཚང་སྤྱོད་པ) ཀུ་བུ་ཙ་པ། ཀ་ལིང་ཀ་སྲད་ཛྙཱ་ཕ་ལ། བྱེ་མ་ལོང་བ (དྷ་སི་རི་པ) ལམ་སྐྱེས་མ (ཕག་ཚང་སྤྱོད་པ) ཀུ་བུ་ཙ་པ། ཀ་ལིང་ཀ་སྲད་ཛྙཱ་ཐ་ལ།བྱེ་མ་ལོང་བ (དྷ་སི་རི་པ) དབྱངས་ཀྱི་རྒྱལ་མོ (ཙམ་པ་ནི་ཀ) ཟླ་བའི་གདོང་བ་ཅན (མཁའ་འགྲོ་མ) མྲོ་མ་འབར་མ། ཉི་མ་པས་པ། རརྣ་གྷིཏྟི (སེང་གེ་པ) སྨྲོ་མ་ལ་བ་ཅན (ཛ་ཏི་རི་པ) སང་ག་རི་པ།པདྨོ་ཤྲི (བྷ་ཡ་ས་ནི) ལས་ཀྱི་འབྱུང་གནས (བྷ་གྷ་ལི་པ) བྷ་གྷ་དཔལ (ག་ན་པ) ཡེ་ཤེས་ཞབས (ཀ་ལི) ས་ར་ཧ (སྤང་ཏོ་བ) པདྨ་རྡོ་རྗེ་དྲིལ་བུ་པ (ཤཱཀྱའི་བཤེས་གཉེན) ཤེས་རབ་འབྱུང་གནས (ན་རོ་པ) རྡོ་རྗེ་རྩེ་གཅིག་པ (གུ་ར་ལུ་པ) རིན་ཆེན་རྡོ་རྗེ་ (སང་ག་རི་པ) བློ་གྲོས་དབྱངས་མ། ཛ་བ་རི་པ། ཊོམྦྷི་ཧེ་རུ་ཀ (བྷུ་དྷ་རི་ལོ་ཀ) བྷུདྡྷཱུཤྲི (བཟང་པོ་དཔལ) ཀོའུ་ཏ (ཀ་ན་པ) རྡོ་རྗེ་ལྡན་མ (སེང་ཧ་པ) སྔོ་བསང་མ (ཟླ་བ་གྲགས་པ) ཤིང་ལོ་མ (སྲ་བྷ་ཀ་ར) ལྡོམ་བྷི་མ། བདག་མེད་མའོ། །སྤྱིར་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་ཁོ་ནར་ལྔ་སྟོང་ལྷག་ཙམ་བྱུང་བར་བཤད་ཅིང་། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་གྲུབ་ཐོབ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་སྐབས་སུ་དངོས་སུ་བྱོན་པའི་གྲུབ་ཐོབ་ཀྱི་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་མིང་དེ་ལྟར་གྲགས་པ་ཡིན་ཟེར་སྲོལ་ཡོད།
- language:
- Tibetan
grub chen brgyad cu rtsa bzhi has 1 other term directly related to it, which is presented here.