- grub chen me long rdo rje
- ID:
- T226956
- གྲུབ་ཆེན་མེ་ལོང་རྡོ་རྗེ (Tibetan, Tibetan script, Original)
- > grub chen me long rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > drubchen melong dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྙིང་མའི་གྲུབ་ཐོབ་འདི་ཉིད་རབ་བྱུང་བཞི་པའི་ཆུ་ཡོས(༡༢༤༣)ལོར་ཡབ་སྒྲགས་ཕུར་རྣལ་འབྱོར་པ་བསམ་ཡས་དང་ཡུམ་འབར་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་མཁན་པོ་སེ་ལུང་པ་དང༌། གྲུབ་ཐོབ་ཟ་ལུང་པ་ལས་རབ་ཏུ་བྱུང༌། དེ་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོག་ཅིང༌། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བརྒྱད་སྟོང་བརྒྱ་རྩ་བརྒྱད་མཛད་པས་གནས་ལུགས་ཀྱི་དོན་རྟོགས། མངོན་ཤེས་ཕྲ་མོའང་ཤར། དེ་ནས་ཕྱོགས་ངེས་མེད་འགྲིམས་ཏེ་མཚུར་ཕུའི་དོ་བོ་རས་པ་སོགས་བླ་མ་མང་དུ་བསྟེན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚོ་བ་མཛད་པ་སོགས་དཀའ་ཐུབ་ལ་ཤིན་ཏུ་བཟོད་པ་ཞིག་ཡིན། དགུང་ལོ་བཅོ་བརྒྱད་པ་ལ་སེང་གེ་རྒྱབ་པ་སངས་རྒྱས་དབོན་པོ་ལས་མན་ངག་སྙིང་ཏིག་ཐོབ། སྒོམ་པར་རྩེ་གཅིག་ཏུ་གཞོལ་བས་རྡོ་རྗེ་སེམས་པའི་ཞལ་མངོན་པར་གཟིགས། དགུང་ལོ་ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་སྐྲུབ་པ་མཛད་པས་ཡི་དམ་སངས་རྒྱས་མང་པོའི་ཞལ་མཇལ་བ་དང༌། ཕྱག་མཛུབ་ཀྱིས་བྲག་ལ་ཕྱག་བྲིས་གནང་བ་སོ་སྐྱེའི་ཆུ་འབུར་མིག་གིས་དངོས་སུ་འཇལ་རྒྱུ་ཡོད་པ་སོགས་སྒྲུབ་རྟགས་མང་དུ་ཐོན། སྤྱིར་བླ་མ་མང་པོའི་ཞབས་ལ་གཏུགས་ཤིང༌། ཁྱད་པར་དུ་གྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་སོགས་ལས་ཟབ་ཆོས་མང་དུ་གསན་ནས་སྙིང་པོའི་དོན་རྙེད། མཁན་པ་ལྗོངས་དང༌། མཁན་པ་གླིང༌། སེང་གེ་རྫོང༌། ཀུན་བཟང་གླིང༌། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འགྲོ་དོན་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཡོས(༡༣༠༣)ལོར་དུར་ཁྲོད་ལ་བར་དུ་སྐུ་གཤེགས་པའི་ཚེ་འོད་ཆེན་པོ་སྒྲ་དང་བཅས་པ་ཀུན་གྱིས་མཐོང༌། པུར་གྱི་རྣམ་པ་སྦྱོང་དུས་ནམ་མཁའི་ལམ་ནས་པུར་ཁང་འོད་ལྔའི་སྣམ་བུ་རྐྱང་པ་ལྟ་བུ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང༌།
- language:
- Tibetan
2. Thupten Phuntsok Dictionary
རྙིང་མའི་གྲུབ་ཐོབ་འདི་ཉིད་རབ་བྱུང་བཞི་པའི་ཡོས (༡༢༤༣) ལོར་ཡབ་སྒྲགས་ཕུར་རྣལ་འབྱོར་པ་བསམ་ཡས་དང་ཡུང་འབར་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་མཁན་པོ་སེ་ལུང་པ་དང་། གྲུབ་ཐོབ་ཟ་ལུང་པ་ལས་རབ་ཏུ་བྱུང་།དེ་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོག་ཅིང་།དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བརྒྱད་སྟོང་བརྒྱ་རྩ་བརྒྱད་མཛད་པས་གནས་ལུགས་ཀྱི་དོན་རྟོགས། མངོན་ཤེས་ཕྲ་མོའང་ཤར། དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཡོས (༡༣༠༣) ལོར་དུར་ཁྲོད་ལ་བར་དུ་སྐུ་གཤེགས་པའི་ཚེ་འོད་ཆེན་པོ་སྒྲ་དང་བཅས་པ་ཀུན་གྱིས་མཐོང་། པུར་གྱི་རྣམ་པ་སྦྱོང་དུས་ནམ་མཁའི་ལམ་ནས་པུར་ཁང་འོད་ལྔའི་སྣམ་བུ་རྐྱང་པ་ལྟ་བུ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་།
- language:
- Tibetan