- grub thob thar pa'i rgyal mtshan
- ID:
- T226964
- གྲུབ་ཐོབ་ཐར་པའི་རྒྱལ་མཚན (Tibetan, Tibetan script, Original)
- > grub thob thar pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > drubtob tarpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གྲུབ་ཐོབ་ཐར་པའི་རྒྱལ་མཚན(ཨ་ར་གྲུབ་ཐོབ་ཡང་ཟེར)ནི་ལྷ་སའི་བྱང་ངོས་་་་ཉང་བྲན་ན་ཁ་ཅན་པའི་ཁྱིམ་དུ་ཡབ་ཆོས་སྐྱོང་དང་ཡུམ་འཛོམས་སྐྱིད་གཉིས་ལ་རབ་བྱུང་དགུ་པའི་ཤིང་ལུག་(༡༥༣༥)ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་སོན་པའི་ཆུ་སྟག(༡༥༤༢)ལོ་སེ་ར་སྨད་གྲྭ་ཚང་ཁོངས་ཨ་ར་ཁང་ཚན་ལ་སྒྲིགས་ཞུགས་གནང༌། མཁན་པོས་ཐར་པའི་རྒྱལ་མཚན་ཞེས་མཚན་གསོལ། ཐོས་བསམ་སློབ་གཉེར་ལ་བརྩོན་པར་མཛད། གྲྭ་སའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་སོ་གཅིག་ལ་སོན་སྐབས་རྒྱུད་སྨད་ཀྱི་གྲྭར་བཞུགས་ཏེ་སྔགས་ལ་ཐོས་བསམ་གནང༌། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་དང་ཕ་བོང་ཁའི་མཁན་པོ་པཎ་ཆེན་བདེ་ལེགས་ཉི་མ་སོགས་ནས་ཆོས་མང་པོ་གསན་ཏེ་ཉམས་ལེན་ལ་འབད་པ་གནང༌། བྲག་ཡེར་པ་དང༌། ཕ་བོང་ཁའི་གསེར་ཕུག་འོལ་དགའ། ཙ་རི་སོགས་ལ་སྒྲུབ་པ་མཛད་ནས་བཞུགས། ལྷག་པར་རབ་བྱུང་བཅུ་པའི་ཤིང་སྤྲེལ་(༡༥༨༤)ལོ་ནས་བཟུང་ཆོས་འཁོར་རྒྱལ་གྱི་ལྷ་ཐོག་སྟེང་དུ་བཞུགས་ཤིང༌། དེ་གར་སྒྲུབ་སྡེ་འདེབས་པ་དང༌། སློབ་མ་སྐྱོང་བར་མཛད། སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ཅིང༌། གསུང་མགུར་ཞལ་གདམ་ཚིག་བཅད་འགའ་རྣམ་ཐར་དུ་གསལ། དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པའི་རབ་བྱུང་བཅུ་པའི་ས་གླང(༡༥༨༩)ལོའི་ཧོར་ཟླ་གཉིས་པའི་གནམ་གང་ཉིན་སྐུ་འདས། ཁོང་གི་སྐུ་བརྙན་སེ་ར་ཨ་ར་ཁང་ཚན་དུ་མཇལ་རྒྱུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
གྲུབ་ཐོབ་ཐར་པའི་རྒྱལ་མཚན (ཨ་ར་གྲུབ་ཐོབ་ཡང་ཟེར) ནི་ལྷ་སའི་བྱང་ངོས་ཉང་བྲན་ན་ཁ་ཅན་པའི་ཁྱིམ་དུ་ཡབ་ཆོས་སྐྱོངས་དང་ཡུམ་འཛོམས་སྐྱིད་གཉིས་ལ་རབ་བྱུང་དགུ་པའི་ཤིང་ལུག (༡༥༣༥) ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་སོན་པའི་ཆུ་སྟག (༡༥༤༢) ལོ་སེ་ར་སྨད་གྲྭ་ཚང་ཁོངས་ཨ་ར་ཁང་ཚན་ལ་སྒྲིགས་ཞུགས་གནང་། མཁན་པོས་ཐར་པའི་རྒྱལ་མཚན་ཞེས་མཚན་གསོལ། ཐོས་བསམ་སློབ་གཉེར་ལ་བརྩོན་པར་མཛད། གྲྭ་སའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་སོ་གཅིག་ལ་སོན་སྐབས་རྒྱུད་སྨད་ཀྱི་གྲྭར་བཞུགས་ཏེ་སྔགས་ལ་ཐོས་བསམ་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་དང་ཕ་བོང་ཁའི་མཁན་པོ་པཎ་ཆེན་བདེ་ལེགས་ཧ་མ་ས་ནས་ཆོས་མང་པོ་གསན་ཏེ་ཉམས་ལེན་ལ་འབད་པ་གནང་། དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པའི་རབ་བྱུང་བཅུ་པའི་ས་གླང (༡༥༨༩) ལོའི་ཧོར་ཟླ་གཉིས་པའི་གནམ་གང་ཉིན་སྐུ་འདས།
- language:
- Tibetan