- grub thob mi tra dzo ki
- ID:
- T226968
- གྲུབ་ཐོབ་མི་ཏྲ་ཛོ་ཀི (Tibetan, Tibetan script, Original)
- > grub thob mi tra dzo ki (Tibetan, Latin script, Transliteration-THL Extended Wylie Transliteration)
- > drubtob mi tra dzo ki (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་གྱི་པཎྚི་ཏ་བོད་དུ་ཡང་ཕེབས་མྱོང་བ་ཞིག་ཡིན། ཝ་ར་ཎ་སི་རྒྱལ་པོའི་སྲས་སུ་འཁྲུངས་ཤིང༌། མཚན་ལ་ཛ་ག་ཏྲ་ཨཱ་ནནྟ་ཞེས་བོད་སྐད་དུ་བསྒྱུར་ན་སྐྱེ་འགྲོ་ཀུན་དགའ་ཟེར། ཆུང་དུས་ཡབ་ཡུམ་གཉིས་ལ་ཆོས་བྱེད་ཆོག་པའི་གནང་བ་ནན་གྱིས་ཞུས་ཏེ་བྲོས། རྡོ་རྗེ་གདན་དུ་སློབ་དཔོན་རྒྱལ་བའི་ལྷའི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་ཞུས། རྗེས་སུ་མཁས་པ་ཆེན་པོར་གྱུར་ཏེ་ཨོ་རྒྱན་གྱི་ཡུལ(དེང་སང་གི་ཨ་ཧྥུ་ཧན)དུ་ལོ་མང་པོའི་རིང་སྒོམ་སྒྲུབ་མཛད་ཅིང་བཞུགས། བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དགུང་ལོ་ཉེར་དྲུག་བཞེས་པ་རབ་བྱུང་གསུམ་པའི་ས་རྟ(༡༡༩༨)ལོར་བལ་ཡུལ་དུ་བཞུགས་པའི་གེབོད་ཟླ་དྲུག་པའི་ནང་བླ་མ་འདི་དང་མཇལ་ནས་བོད་དུ་གདན་དྲངས་ཏེ་ཁྲོ་ཕུར་ཟླ་བ་དྲུག་ཙམ་བཞུགས་རིང་སྐྱེ་བོ་དམངས་ལ་སྐྱབས་འགྲོ་སེམས་བསྐྱེད་སོགས་ཐེག་པ་ཐུན་མོང་གི་ཆོས་གསུངས་ཤིང༌། སློབ་མ་ཉུང་ཤས་ལ་གསང་སྔགས་ཀྱི་ཆོས་གསང་བ་ཆེན་པོ་མཛད་་དེ་གསུངག གཞན་གྱིས་དངོས་པོ་གང་འབུལ་མཁན་བྱུང་ཡང་རྟེན་བཞེངས་དང༌། མཆོད་འབུལ། དགེ་འདུན་གྱི་བསྙེན་བཀུར། དབུལ་ཕོངས་ལ་སྦྱིན་གཏོང༌། དམག་འཁྲུག་བཟླུམས་པ་སོགས་ལ་འཕྲལ་འཕྲལ་དུ་གཏོང་བ་ལས་རང་ཉིད་ཀྱིས་ཅུང་ཟད་ཙམ་ཡང་བདག་བཟུང་མི་མཛད་པ་སོགས་ངོ་མཚར་ཆེ། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་སློབ་དཔོན་འདི་སྐུ་ཚེའི་རིག་འཛིན་བརྙེས་ནས་སངས་རྒྱས་ཆོས་ལུགས་འཛམ་གླིང་ཐོག་མེད་པར་མ་གྱུར་བར་དུ་སྐུ་ལུས་མ་སྤངས་པར་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་ལ་དངོས་སུ་བཞུགས་པ་དང༌། བོད་དུ་ལོ་རེ་ལ་ཐེངས་རེ་ཕེབས་རྒྱུའི་ཞལ་བཞེས་ཡོད་ཅེས་ཟེར་སྲོལ་འདུག འདིའི་ལོ་རྒྱུས་ཞིབ་པ<<ཆོས་འབྱུང་མཁས་པའི་དགའ་སྟོན>>གྱི་ལེ་ཚན[ཏ]པའི་ཤོག་གྲངས༤ནས༨བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་གྱི་པཎྜི་ཏ་བོད་དུ་ཡང་ཕེབས་མྱོང་བ་ཞིག་ཡིན། ཝ་ར་ཎ་སི་རྒྱལ་པོའི་སྲས་སུ་འཁྲུངས་ཤིང་། མཚན་ལ་ཛ་ག་ཏྲ་ཨཱ་ནནྟ་ཞེས་བོད་སྐད་དུ་བསྒྱུར་ན་སྐྱེ་འགྲོ་ཀུན་དགའ་ཟེར། ཆུང་དུས་ཡབ་ཡུམ་གཉིས་ལ་ཆོས་བྱེད་ཆོག་པའི་གནང་བ་ནན་གྱིས་ཞུས་ཏེ་བྲོས། རྡོ་རྗེ་གདན་དུ་སློབ་དཔོན་རྒྱལ་བའི་ལྷའི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་ཞུས། རྗེས་སུ་མཁས་པ་ཆེན་པོར་གྱུར་ཏེ་ཨོ་རྒྱན་གྱི་ཡུལ (དེང་སང་གི་ཨ་ཧྥུ་ཧན) དུ་ལོ་མང་པོའི་རིང་སྒོམ་སྒྲུབ་མཛད་ཅིང་བཞུགས། བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དགུང་ལོ་ཉེར་དྲུག་བཞེས་པ་རབ་བྱུང་གསུམ་པའི་ས་རྟ (༡༡༩༨) ལོར་བལ་ཡུལ་དུ་བཞུགས་པའི་ཚེ། བོད་ཟླ་དྲུག་པའི་ནང་བླ་མ་འདི་དང་མཇལ་ནས་བོད་དུ་གདན་དྲངས་ཏེ་ཁྲོ་ཕུར་ཟླ་བ་དྲུག་ཙམ་བཞུགས་རིང་སྐྱེ་བོ་དམངས་ལ་སྐྱབས་འགྲོ་སེམས་བསྐྱེད་སོགས་ཐོག་པ་ཐུན་མོང་གི་ཆོས་གསུངས་ཤིང་། སློབ་དཔོན་འདི་སྐུ་ཚེའི་རིག་འཛིན་བརྙེས་ནས་སངས་རྒྱས་ཆོས་ལུགས་འཛམ་གླིང་ཐོག་མེད་པར་མ་གྱུར་བར་དུ་སྐུ་ལུས་མ་སྤངས་པར་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་ལ་དངོས་སུ་བཞུགས་པ་དང་། བོད་དུ་ལོ་རེ་ལ་ཐེངས་རེ་ཕེབས་རྒྱུའི་ཞལ་བཞེས་ཡོད་ཅེས་ཟེར་སྲོལ་འདུག
- language:
- Tibetan